འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས21ཉིན། གྲོང་ཁྱེར་དམངས་འཐུས་ལས་ཁུངས་དང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱིས“གངས་ལྗོངས་ས་མཐོར་ཏང་དར་ལྷབ་ལྷུབ་གཡོ།”ཞེས་པ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། སྒྲོག་འགྲེལ་གྱིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས》ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་བ་མ་ཟད་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པའི་དོན་སྙིང་གལ་ཆེན་ལ་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་རྒྱང་ལམ་གསར་པ་འབད་པས་བསྐྱོད་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་དགོས》《བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་ཟབ་མོ་བླངས་ཏེ། རྒྱལ་ཁབ་སྟོབས་ལྡན་གཏོང་བར་ང་ཡིས་འབད་པའི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས》《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས》བཅས་ཕྱོགས་གསུམ་གྱི་ནང་དོན་ལ་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་དང་། སྒྲོག་འགྲེལ་སྙན་ཞུའི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དཔེ་མཚོན་དངོས་བཀོད་པ། སྐད་ཆར་ཉམས་འགྱུར་གྱིས་ཕྱུག་པ་བཅས་ཀྱིས་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་མཁོ་འདོན་གནང་ཡོད་པ་རེད།

