国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月24日

དཔའ་ཤོད་རྫོང་སྒྲུབ་པ་གྲོང་ཚོས།

“གྲོང་སྡོད་ཀྱིས་ཐད་གཏོང”ལམ་ནས་མཐོ་སྒང་གི་ཤིང་ཏོག་ཕྱིར་འཚོང་བྱས་པ།

ལས་དོན་མི་སྣས་ཤིང་ཏོག་ལེགས་སྒྲིག་བྱེད་བཞིན་པ།

ལས་དོན་མི་སྣས་ཤིང་ཏོག་འཐུ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས21ཉིན། ཐད་གཏོང་ལམ་ནས་ཞིང་པར་རོགས་རམ་བྱེད་པའི་བྱེད་སྒོ་དེ་དཔའ་ཤོད་རྫོང་པད་མ་གྲོང་རྡལ་སྒྲུབ་པ་གྲོང་ཚོའི་ཤིང་ཏོག་ར་བའི་ནང་འགོ་ཚུགས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་རུ་མི་ཟླ་བ་ཡིས་བརྙན་མིག་ལམ་ནས་ཕ་ཡུལ་གྱི་སྤུས་ལེགས་ཤིང་ཏོག་འཁྱེར་ཡོང་ཏེ་ཐད་གཏོང་གི་ལམ་ནས་ཤིང་ཏོག་རྒྱ་མ2800ལྷག་འཚོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་སྒོར11000ཡས་མས་འཕར་སྣོན་བྱུང་བ་རེད།

ཐེངས་འདིའི་ཐད་གཏོང་ནི་ཞིང་ལས་ཐོན་རྫས་ཀྱི་འོས་སྦྱོར་ཐེངས་གཅིག་ཡིན་པ་མ་ཟད། སྒྲུབ་པ་གྲོང་ཚོའི་ཐོན་ལས་དར་རྒྱས་དང་། གྲོང་ཚོ་མཛེས་པ། གྲོང་མི་ཕྱུག་པོ་བཅས་ཀྱི་གསོན་ཉམས་ལྡན་པའི་རི་མོ་ཞིག་འགྲེམས་སྟོན་བྱས་ཡོད། འདི་ནི་པད་མ་གྲོང་རྡལ་གྱིས་གྲངས་འཛིན་ཞིང་སྐྱོར་གྱི་བགྲོད་ལམ་ཐོག་གི་ལག་ལེན་གལ་ཆེན་ཞིག་ཡིན་ལ། ས་གནས་དེ་གའི་ཐོན་ལས་དར་རྒྱས་འགྲོ་བར་འདྲ་བཟོ་རུང་བ་དང་ཁྱབ་གདལ་གཏོང་ཆོག་པའི་ཐབས་ལམ་གསར་ཞིག་འཚོལ་ཞིབ་བྱས་པ་དང་། གྲོང་གསེབ་འཕེལ་རྒྱས་འགྲོ་བར་ཟམ་མི་ཆད་པའི་གསར་གཏོད་ཀྱི་གསོན་ཤུགས་བསྩལ་ཡོད་པ་རེད།