国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月24日

གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བློ་མཐུན་གྱི་བཞུགས་མོལ་ཚོགས་འདུ་དང་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས26པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས21ཉིན། གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བློ་མཐུན་གྱི་བཞུགས་མོལ་ཚོགས་འདུ་དང་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས26པའི་བྱེད་སྒོ་སྤེལ་བ་རེད། ཚོགས་འདུ་ཡིས་ལས་དོན་ལ་ཕྱོགས་བསྡོམས་དང་། གནས་བབ་ལ་དབྱེ་ཞིབ་བྱས་ཏེ་ལོ་མཇུག་གི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཡིས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་དོན་པ་དང་གསར་འགྱུར་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་མ་ཟད་འདས་ཟིན་པའི་ཟླ་བ་བཅུའི་རིང་གི་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཐད་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད་པ་རེད།

དངོས་གྲུབ་ཟླ་བ་ཡིས“སློབ་སྦྱོང་དང་བཀོལ་སྤྱོད”“འགྱུར་བ་དང་མི་འགྱུར་བ”“རིགས་དབྱེ་ཅན་དང་ཁྱོན་ཡོངས་ལ་ཁྱབ་པ”“དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན”“འགུལ་རྣམ་དང་འཇམ་ཐིང”“དྲ་ཐོག་དང་དྲ་ཕྱི”“ཀུན་སྤྱོད་དང་ནུས་པ”བཅས་རྩོད་སྒྲུབ་འབྲེལ་བ་ཆ་བདུན་ཁོང་དུ་ཆུད་པར་བྱས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་བསྐྲུན”ཆེད་བསམ་བློའི་འགན་ལེན་ཆེན་པོ་དང་། བསམ་པའི་སྟོབས་ཤུགས་ནུས་ལྡན། རིག་གནས་ཀྱི་ཆ་རྐྱེན་ལེགས་པོ་བཅས་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ལ་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

གྲོང་ཁྱེར་དང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་བྱས་ཡོད།