འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས21ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས“2025ལོའི་ཐེན་ཅིན་གྲོང་ཁྱེར་གྱི་མཐོ་རིམ་ཤེས་ལྡན་མི་སྣ་ཆབ་མདོར་བསྐྱོད་པའི”ཤེས་ལྡན་ཞབས་ཞུའི་བྱེད་སྒོ་དགའ་བསུ་ཞུ་བའི་ཚོགས་འདུ་འཚོགས་པ་རེད། ཐེན་ཅིན་གྲོང་ཁྱེར་ཁ་གཏད་ག་སྦྱར་བོད་ཀྱི་ལས་དོན་མདུན་ཕྱོགས་བཀོད་འདོམས་པུའི་སྤྱིའི་བཀོད་འདོམས་པ་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་ཧྲུའུ་གོ་དང་། ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལིས་ཡུའེ་ཧུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་སྒྲིག་གཞིའི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་ཆེད། ཐེན་ཅིན་གྲོང་ཨུད་རྩ་འཛུགས་པུའུ་ཡིས་སྒྲིག་འཛུགས་སྐུལ་སློང་དང་། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་དང་ཐེན་ཅིན་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་ཧུར་ཐག་མཐུན་སྦྱོར་བྱས་པ་བརྒྱུད། ཟླ10པའི་ཚེས20ཉིན་ནས་ཚེས27ཉིན་བར།“ཐེན་ཅིན་གྲོང་ཁྱེར་གྱི་མཐོ་རིམ་ཤེས་ལྡན་མི་སྣ་ཆབ་མདོར་བསྐྱོད་པའི”ཤེས་ལྡན་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ཐེངས་འདིའི་བྱེད་སྒོ་ཡིས་ཐེན་ཅིན་གྲོང་ཁྱེར་གྱི་སློབ་གསོ་དང་། འཕྲོད་བསྟེན། ཞིང་ལས། འཆར་འགོད། རིག་གནས་ཡུལ་སྐོར། རྟོག་ཞིབ། མཉམ་འདྲེས་སྨྱན་སྦྱོར་སོགས་ཁོངས་གཏོགས་ཚན་པའི་མཐོ་རིམ་ཤེས་ལྡན་མི་སྣ12མངགས་གཏོང་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་དང་། གསར་འགྱུར་འཕྲིན་སྤེལ། རིག་གནས་ཡུལ་སྐོར། གྲངས་འཛིན་ཆ་འཕྲིན་ཅན། ཞིང་ལས་གྲོང་གསེབ། ནུས་རྒྱུ་གཙང་མ། གཏེར་ལས་ཐོན་ཁུངས། གྲོང་ཁྱེར་འཛུགས་སྐྲུན། གད་སྙིགས་རིགས་དབྱེ། བདེ་འཇགས་དྲ་རྒྱ་སོགས་ཁྱབ་ཁོངས10ཡི་ལས་དོན་ཁག56ལ་རོགས་སྐྱོར་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་རེད།

