“ཁྱིམ་ནང་གི་གཟན་རྩྭ་ཀུང་ཟིར་འཚོང་ཏེ་ལོ་གཅིག་ནང་སྒོར་སྟོང་ཕྲག་ལྷག་ལེན་ཐུབ་པ་དང་། དེ་མིན་བཟོ་གྲྭར་སོང་ནས་གླ་པ་རྒྱུག་ཐུབ་པས་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་ངེས་རེད”ཞེས་འབོ་ལོ་གྲོང་རྡལ་བདེ་སྐྱིད་གྲོང་ཚོའི་གྲོང་མི་ཨ་བྱམས་ཀྱིས་དེ་ལྟར་དགའ་སྤྲོས་ངང་བཤད། ད་ལྟ་ཀུང་ཟི་འདིས་ཨ་དབང་ལུག་ཐོན་ལས་ཀྱིས་སྲོག་ཤིང་བྱས་པའི་ཁེ་ལས་ལ་བརྟེན་ནས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི”གཉེར་སྐྱོང་བྱ་ཐབས་བརྒྱུད་ཨ་དབང་ལུག་གི་ཐོན་ལས་མ་ལག་ཆེད་ལས་ཅན་དང་ཐོན་ལས་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྣེ་ཁྲིད་ཐུབ་ཡོད།
“མིག་སྔར། ཚབ་གསོ་རྣམ་པ་དེ་དུད་ཁྱིམ1000ལྷག་ལ་ཁྱབ་ཡོད་པ་དང་། སྔོན་རྩིས་བྱས་ན་ཞིང་དུད་ཡོང་འབབ་སྒོར་ཁྲི110ལྷག་འཕར་སྣོན་ཐུབ་པར་རོགས་རམ་བྱེད་ཐུབ། མང་ཚོགས་4300ལག་ནས་གཟན་རྩྭ་ཉོས་པར་འབབ་འཕར་སྒོར་ཁྲི540ལས་བརྒལ་བ་རེད། ང་ཚོས་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་་འབྲས་དངོས་གནས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཀུང་ཟི་དེ་གའི་འགན་འཁུར་བ་ཝུའུ་ཁང་ཧྲིན་གྱིས་དེ་ལྟར་བཤད།
ས་གནས་དེ་གའི་གཟན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་དམིགས་ཏེ། ཀུང་ཟི་ཡིས་རྒྱ་ཁྱབ་ངང་བསྡུ་ཉོའི་ཐབས་ལམ་སྒོ་ཕྱེས་ནས་ཞིང་དུད་ཀྱི་གཟན་རྩྭ་ཉོ་འཚོང་གི་དཀའ་ངལ་ཕན་ནུས་ལྡན་པའི་ངང་ཐག་གཅོད་བྱས་ཡོད། མིག་སྔར། ཀུང་ཟིར་ལས་བཟོ་པ28ཡོད་པའི་ནང་ས་གནས་དེ་གའི་མང་ཚོགས8དང་། སློབ་ཐོན་སློབ་མ6ཡོད་ལ། སྔོན་དཔག་བྱས་ན་མི115ཡི་ལས་ཞུགས་ཡོང་འབབ་སྒོར་ཁྲི538ལྷག་འཕར་སྣོན་བྱུང་བར་སྐུལ་ཁྲིད་བྱུང་ཡོད།
 
             
 
						
						
                

 
                                