འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས15ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་བརྟག་ཞིབ་ཚོགས་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》དེ་བཞིན་ལག་བསྟར་བྱ་ཐབས་སོགས་སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་གནས་ཚུལ་སྐོར་ལ་ཁྲིམས་འཛིན་བརྟག་ཞིབ་བྱས་པའི་ལས་དོན་བཞུགས་མོལ་ཚོགས་འདུ་དེ་ཆབ་མདོར་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཤའོ་ཁྲོན་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཝུན་ཧྲན། གྲོང་ཁྱེར་སྲིད་གཞུང་གི་ཧྲེ་ཀྲང་གཞོན་པ་ཐོགས་མེད་ཤེས་རབ་བཅས་བཞུགས་མོལ་ཚོགས་འདུ་ཞུགས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག་ཀྲང་ཝུན་ཧྲན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཀྲའོ་ཤའོ་ཁྲོན་དང་བཅས་པ་ཆབ་མདོར་ཁྲིམས་འཛིན་བརྟག་ཞིབ་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་གྲོང་ཁྱེར་སྲིད་གཞུང་དང་དེ་བཞིན་འགན་ནུས་ཚན་པས་བརྟག་ཞིབ་ཚོགས་ཆུང་གིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ནན་ཏན་གྱིས་ལག་བསྟར་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་པའི་བསམ་པ་བསྟན་ཡོད།

