འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དུ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་དྲན་རྟེན་དངོས་པོ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། རྫོང་རིམ་པའི་ལས་བྱེད་པ་དང་། ཤང(གྲོང་རྡལ)11གི་འཐུས་མི། ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་མཛད་སྒོར་ཞུགས་ཡོད་པ་རེད།
མཛད་སྒོའི་ཡུལ་དངོས་སུ་ལས་བྱེད་པའི་འཐུས་མི་ཡིས་ཤང (གྲོང་རྡལ)11གི་འཐུས་མི་ལ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་སྤྲད་པའི་གཙོ་འཛིན་གྱི་སྐུ་པར་དང་རང་འགུལ་ཅན་གྱི་ཇ་བསྲུབས་མའི་ཇ་ལྟིར་སྤྲད་པ་དང་། རྫི་ཐོ་དགོན་པར“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་སྤྲད་པ་རེད།
ལྷོ་རོང་རྫོང་རྫི་ཐོག་གྲོང་རྡལ་གྱི་མང་ཚོགས་ཀྱི་འཐུས་མི་ངག་དབང་ཚེ་བརྟན་ལ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་སྤྲད་པའི་དྲན་རྟེན་དངོས་པོ་འབྱོར་ཅིང་། ཁོང་གིས་མཛད་སྒོའི་ཡུལ་དངོས་ནས“དྲན་རྟེན་དངོས་པོ་འབྱོར་བས་ང་དགའ་ཚོར་ཆེན་པོ་བྱུང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། མ་འོངས་པ་ངས་དེ་བས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱས་ཏེ་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་དྲིན་ལན་འཇལ་རྒྱུ་ཡིན”ཞེས་རང་ཉིད་ཀྱི་དགའ་སྤྲོ་དང་དྲིན་ཚོར་གྱི་སེམས་པ་བརྗོད།

