国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月21日

ཆབ་མདོ་གྲོང་ཁྱེར་གྱིས“ལས་བྱེད་སྟོང་གཅིག་གྲོང་ཚོ་སྟོང་ལ་བསྐྱོད། དྲིན་ཚོར་མདུན་སྐྱོད་ལེའུ་གསར་པ་རྩོམ”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་རིམ་དུ་དོན་ཐོག་ཏུ་འཁྱོལ་བར་གཏིང་ཟབ་ངང་སྐུལ་འདེད་གཏོང་ཆེད། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཚན་པ་ཁག་གིས་“ལས་བྱེད་སྟོང་གཅིག་གྲོང་ཚོ་སྟོང་ལ་བསྐྱོད། དྲིན་ཚོར་མདུན་སྐྱོད་ལེའུ་གསར་པ་རྩོམ”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ། སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་འཕྱུར་བར་བྱས་ཡོད།

ཐེངས་འདིའི་སྒྲོག་འགྲེལ་དེ་ལས་ཁུངས་དང་། ཁེ་ལས། ཞིང་འབྲོག་ཁུལ། སློབ་གྲྭ། དགོན་སྡེ། སྡེ་ཁུལ། དྲ་རྒྱ་དེ་བཞིན་གསར་དར་ཁྱབ་ཁོངས་བཅས་རིམ་པ་མང་པོར་ཁེབས་ཏེ་ཏང་ཡོན་ལས་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་མང་ཚོགས། སློབ་གྲྭའི་དགེ་སློབ། ཆོས་ལུགས་ལས་རིགས་ཀྱི་མི་སྣ། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ་པ་སོགས་ཚོགས་པ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་སྔོན་རྩིས་བྱས་ན་ཁྱོན་སྒྲོག་འགྲེལ་ཐེངས3400བྱས་པ་དང་མི་ཁྲི52ལ་སློབ་གསོ་ཐེབས་ཡོད་པ་རེད།

གྲ་སྒྲིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཚད་གཞི་མཐོ་ཞིང་ཚོགས་རིགས་དབྱེ་བའི་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་རྟོག་ཞིབ་བཞུགས་མོལ་དང་། སྤེལ་རེས་དོགས་སེལ་སོགས་ཀྱི་ལམ་ནས་མང་ཚོགས་དང་ངོ་འཕྲད་གདོང་གཏུག་གི་སྤེལ་རེས་དང་། སྙིང་ཉེ་བའི་འབྲེལ་གཏུག གོ་སླ་ཞིང་ཉན་སྤྲོ་བའི་སྐད་ཆ་ཡིས་ཏང་གི་གསུང་སྐད་བརྒྱུད་བསྒྲགས་བྱས་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པ་དང་། གླེང་གནད་དང་དཀའ་གནད་ཀྱི་གནད་དོན་སེལ་བ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་རྒྱུར་སྔར་བས་ཁྲིད་སྟོན་བྱུང་བ་དང་། དངོས་སྒྲུབ་ལས་རྗེས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་དགོས།

ཁ་རུབ་ཆུས་རི་དུང་ཤང་སྒོར་སྐྱིད་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇམ་དབྱངས་ཀྱིས་སེམས་འགུལ་ཐེབས་བཞིན་དུ“ཐེངས་འདིའི་སྒྲོག་འགྲེལ་གྱིས་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་སྲིད་གཞུང་གི་དུས་ཡུན་རིང་པོའི་རིང་གི་ཐུགས་ཁུར་གཅེས་སྐྱོང་དང་ཁ་འབྲལ་ཐབས་མེད། ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ཏུ། ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

ཞིང་ཁ་ནས་བཟོ་གྲྭ་དང་། ལས་ཁུངས་ནས་ཁེ་ལས་བར་རིམ་པ་ཁག་གི་སྒྲོག་འགྲེལ་ཚོགས་པས་ཏང་ཡོན་ལས་བྱེད་པ་དང་གཞི་རིམ་མང་ཚོགས་ཀྱི་འདོད་བློར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཐབས་ཇུས་ཀྱི་ཟུར་ཚད་ནས་ཅི་ལྟར་བལྟ་བར་བཤད་པ་དང་དཀའ་གནད་ལ་ཅི་ལྟར་སྒྲུབ་པར་ལན་བཏབ་ནས་སྒྲོག་འགྲེལ་གྱི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

ལྷོ་རོང་རྫོང་གདགས་རོང་ཤང་གདགས་རོང་གྲོང་ཚོའི་ཀྲུའུ་རེན་གཞོན་པ་ཀརྨ་ཚེ་རིང་གིས“སྒྲོག་འགྲེལ་པས་གསོན་ཉམས་ལྡན་པའི་གྲངས་གཞི་དང་ཡིད་སེམས་འགུལ་བའི་དཔེ་མཚོན་གྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་བཅངས་པའི་རེ་བཅོལ་ཟབ་མོ་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུགས་ཁུར་ཟབ་མོ་བརྗོད་པ་དེས་ང་ཚོར་དྲོལ་ཁོལ་སྦྱིན་བྱུང་། ང་ཚོས་ངེས་པར་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་ནས་དངོས་སྒྲུབ་འབད་བརྩོན་གྱིས་ཕ་ཡུལ་འདི་ཉིད་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པ་ཞིག་ཏུ་ཆགས་ཐུབ”ཅེས་བཤད།

དགོན་སྡེ་རུ། སྒྲོག་འགྲེལ་ཚོགས་པས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བསྐྱོན་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ནང་དོན་དང་ཐབས་ལམ་ཞིབ་ཅིང་ཕྲ་བས་གསལ་འགྲེལ་བྱས་ཏེ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་པོ་ཡོང་རྒྱུར་ཁྲིད་སྟོང་བྱས་ཡོད།

སློབ་གྲྭ་རུ། སྒྲོག་འགྲེལ་པས་དཔེ་མཚོན་དབྱེ་ཞིབ་དང་ཕན་ཚུན་དྲིས་ལན་གྱི་རྣམ་པའི་ཐོག་ནས་སློབ་མ་ཚོར་བོད་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ཁྲོད་ཀྱི་གནས་བབ་ལ་ཤེས་རྟོགས་ཟབ་མོ་འབྱུང་དུ་བཅུག་པ་དང་། སློབ་མ་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་སྐུལ་སློང་བྱས་ཡོད།