འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པའི“ལས་བྱེད་སྟོང་ཕྲག་གྲོང་ཚོ་སྟོང་ལ་བསྐྱོད། དྲིན་ཚོར་མདུན་སྐྱོད་ལེའུ་གསར་པ་རྩོམ”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་དྲིལ་བསྒྲགས་དང་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་། ལས་བྱེད་པ80ལྷག་ཞུགས་ཡོད།
སྙན་ཞུའི་ཚོགས་འདུའི་ཐོག གྲོང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡི་དགེ་རྒན་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཞིབ་ཕྲའི་སྒོ་ནས་གསལ་འགྲེལ་བྱས་ཡོད་པ་རེད།
སྒྲོག་འགྲེལ་ཧྲིལ་པོ་ཡིས་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་འགྱུར་རྒྱུའི་སྐུལ་སློང་ཐེབས་ཡོད།
ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའི་སྒྲོག་འགྲེལ་ཚོགས་པའི་འགན་འཁུར་བ་བསོད་ནམས་ལྷ་མོ་ཡིས“དྲིལ་བསྒྲགས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྒྲོག་འགྲེལ་ཉན་རྗེས་ང་ལ་འགན་འཁྲི་ཕྲག་ཏུ་ཡོད་པའི་ཚོར་སྣང་བྱུང་སོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། རང་ཉིད་ཀྱིས་གསུང་བཤད་ཀྱི་དགོངས་དོན་དངོས་ཡོད་ལས་དོན་ཁྲོད་དོན་འཁྱོལ་བྱས་ཏེ། དྲིལ་བསྒྲགས་དང་སྒྲོག་འགྲེལ་ཡག་པོ་བྱེད་པ་དང་། གསོན་ཉམས་ལྡན་པའི་རྣམ་པའི་ཐོག་ནས་ཏང་གི་གསུང་སྐད་མང་ཚོགས་ཀྱི་ཁྲོད་དུ་བརྒྱུད་བསྒྲགས་བྱས་ནས་མི་དེ་བས་མང་པོ་ཞིག་གིས་ཏང་གི་ཐུགས་ཁུར་དང་དྲོད་འཁོལ་ཚོར་དུ་འཇུག་རྒྱུ་ཡིན”ཞེས་བཤད།
ཆབ་མདོ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་དྲིལ་བསྒྲགས་ཁང་གི་ལས་དོན་མི་སྣ་མིག་དམར་རྒྱལ་མཚན་གྱིས“ཐེངས་འདིའི་སྒྲོག་འགྲེལ་ཞུགས་པ་དེས་ང་ལ་ཚོར་སྣང་ཟབ་མོ་བྱུང་སོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བོད་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་མངགས་བཅོལ་བློ་ལ་འཆང་བ་དང་། ལས་དོན་ཏན་ཏིག་སྒྲུབ་པ། མི་སེམས་གཅིག་སྒྲིལ། སྟོབས་ཤུགས་མཉམ་འགྲིལ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།

