འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས14ཉིན་ནས་ཚེས16ཉིན་བར། གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་སློབ་སྦྱོང་གི་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཀྲོང་ཅིན་སུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རིགས་གཞུང་གི་གཏེར་མཛོད་ལྟ་བུ་ཞིག་ཡིན་ལ། ནམ་ཡང་བཀླགས་མི་ཚར་བའི་དཔེ་དེབ་ཞིག་ཡིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་ནས་ལྔ་པའི་བར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཡོངས་ཤིག་ཏུ་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པའི་ཁར། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་དཔའ་ངར་ཆེན་པོས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་པ་དང་གདོང་ལེན་དམག་ཞིག་བརྩོན་ལེན་བྱེད་པའི་སྟོབས་ཤུགས་ཆེན་པོ་འགྱུར་བར་བྱེད་དགོས་ཅེས་བསྟན།
ཀྲོང་ཅིན་སུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ལེགས་པའི་སྒོ་ནས་སྤྱད་དེ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱེད་ཅིང་། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་དམིགས་ཏེ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་དམ་འཛིན་བྱེད་དགོས་ཤིང་། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུ་དེ་རྩ་བའི་གཞི་འཛིན་སར་བརྩིས་ཏེ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོས་རྩ་བ་བཅོས་རྒྱུར་ཁྲིད་སྟོན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་ཤིང་། གནས་རྒྱུད་ཁྱོན་གསུམ་གྱི་བརྟག་ཐབས་སྨྲ་བ་སྤྱད་དེ“3+1+1”ལས་འགན་གལ་ཆེན་གྱིས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོར་དམ་འཛིན་བྱེད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སློབ་གསོ་དང་། སྨན་བཅོས། ལས་ཞུགས། འབབ་འཕར་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས་ཤིང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློའི་འཛུགས་སྐྱོང་། རྩ་འཛུགས་ཀྱི་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ། ལམ་ལུགས་འཛུགས་སྐྱོང་དེ་དེའི་ནང་ཁྱབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཧུར་ཐག་ངང་རྩོམ་པར་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་དང་དེ་བཞིན་འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་ཡོད།

