国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月21日

ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་འཕྲང་པོ་ཆུ་གློག་ས་ཚིགས་ཀྱི་གཙང་ཆུ་བདེ་བླག་ངང་འགོག་ཐུབ་པ་བྱུང་བ།

ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཁྲང་པའོ་ཆུ་གློག་ས་ཚིགས་ཀྱི་གཙང་ཆུ་བདེ་བླག་ངང་འགོག་ཐུབ་པ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་སྟེ། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་འཕྲང་པོ་ཆུ་གློག་ས་ཚིགས་ཀྱི་གཙང་ཆུ་བདེ་བླག་ངང་འགོག་ཐུབ་པ་བྱུང་བ་རེད།

ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་འཕྲང་པོ་ཆུ་གློག་ས་ཚིགས་ནི་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་ཆུ་གཞུང་དུ་གནས་ཤིང་།

དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་འཛུགས་སྐྲུན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྟེ་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན།

ཆུ་གློག་ས་ཚིགས་དེ་ནི2023ལོའི་ཟླ5པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཆོག་མཆན་ཐོབ་པ་དང་། ལོ་དེའི་ཟླ9པར་དངོས་སུ་ལས་འགོ་ཚུགས་ཏེ2028ལོར་འཕྲུལ་ཚན་ཐོག་མ་ནས་གློག་འདོན་མགོ་ཚུགས་རྒྱུའི་འཆར་གཞི་ཡོད་པ་རེད།