国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月21日

ཀྲོང་ཅིན་སུང་གིས་ཝང་ཙི་ལིང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས15ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་ཧང་ཀྲང་ཝང་ཙི་ལིང་དང་བཅས་པར་བཞུགས་མོལ་གནང་ཡོད་པ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཝང་ཙི་ལིང་དང་བཅས་པ་དགའ་བསུ་ཞུས་པ་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་

ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “དོན་ཆེན་བཞི”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་ནས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་དམ་པོར་དམིགས་ཏེ་ཧུར་བརྩོན་ཆེན་པོས་མདུན་དུ་བསྐྱོད་བཞིན་ཡོད། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་སྔར་བས་ཆབ་མདོར་ཐུགས་ཁུར་དང་། ཆབ་མདོར་རྒྱབ་སྐྱོར། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ། ནུས་རྒྱུ་གཙང་མ་དང་ལྗང་མདོག་བཟོ་ལས་སོགས་ཐོན་ལས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ། དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོ་འདུ་འགོད་སོགས་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དེ་བས་མང་བའི་དངུལ་རྩའི་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཝང་ཙི་ལིང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཆབ་མདོའི་ལས་སྒོ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཆབ་མདོའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ་དང་། ཁེ་ལས་ཀྱི་འཇོན་ནུས་ལ་གཞི་ཚུགས་ཏེ། དངུལ་རྩའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་དང་རིམ་པ་སྣ་མང་གི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་རོགས་རམ་བྱ་རྒྱུའི་བསམ་པ་བསྟན་ཡོད།

ཝུའུ་དབྱིང་ཧའེ་དང་། ཅཱ་ཤིན་ཡུས་བཅས་ཞུགས་ཡོད།