国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月21日

བོད་ཀྱི་མངགས་གཏོང་ཁང་དང་པོ།

ལོ་ངོ་བདུན་ཅུ་རིང་གི་ལྷག་བསམ་རྣམ་དག་གི་གཏམ་རྒྱུད།

1950ལོའི་ཟླ10པར། ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་འགོ་བརྩམས་པ་དང་། ལོ་དེའི་ཟླ11པར། བོད་ཀྱི་སྤྱི་བདེ་མངགས་གཏོང་ཁང་དང་པོ་སྟེ་ཆབ་མདོ་རྫོང་སྤྱི་བདེ་མངགས་གཏོང་ཁང་བཙུགས་པ་རེད།

“འདི་ནི་བོད་ཀྱི་སྤྱི་བདེ་མངགས་གཏོང་ཁང་དང་པོ་དེ་རེད། 1950ལོའི་ཟླ11པར་བཙུགས་པ་དང་། སྐབས་དེར་ཆབ་མདོ་རྫོང་སྤྱི་བདེ་མངགས་གཏོང་ཁང་ཟེར། དེ་སྔོན་གྱི་ང་ཚོའི་གཞུང་ལས་ས་ཚིགས་དེ་ནི་ཇ་རྟའི་ཐང་ཆེན་གྱི་རྟུག་རྟུག་ཁའི་ཚོང་རའི་ཉེ་འགྲམ་དུ་ཡོད། 2015ལོར་གྲོང་རྙིང་སྒྱུར་བཀོད་ལེགས་སྒྲུབ་བྱུང་རྗེས། 2016ལོར་ས་ཆ་འདིར་གནས་སྤོས་པ་ཡིན། ད་ལྟ་ཚན་པའི་མིང་ལ་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་རུབ་ཉིང་ལག་ཅུས་མར་ཐང་མངགས་གཏོང་ཁང་ཟེར། ཡུལ་དེའི་མི་ཁྲི1.5ཡི་དཀའ་ངལ་སེལ་གྱིན་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་རུབ་ཉིང་ལག་ཅུས་མར་ཐང་མངགས་གཏོང་ཁང་གི་འགོ་གཙོ་བློ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པ་རེད།

མངགས་གཏོང་ཐོག་མར་བཙུགས་དུས་མི་དམངས་ཉེན་རྟོག་པ་ཚོས་ཉིན་དཀར་སྐོར་གཡེང་ལས་སྒྲུབ་བྱེད་པ་དང་མཚན་མོ་གྲོང་བསྐྱོད་དུད་འཛུལ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་བཞིན་ཡོད། ཆབ་མདོ་རྫོང་སྤྱི་བདེ་མངགས་གཏོང་ཁང་ནས་ཁ་རུབ་ཆུས་ཉིང་ལག་ཅུས་མར་ཐང་མངགས་གཏོང་ཁང་བར་གྱི་ཚན་པ་བཅོས་སྒྱུར་རབ་དང་རིམ་པ་བརྒྱུད་ཀྱང་མི་དམངས་ཉེན་རྟོག་པ་ཚོས་ཐོག་མའི་བསམ་འདུན་བརྟན་པོར་འཆང་བ་དང་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱས་ཡོད།

2025ལོའི་ཟླ6པར་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་རུབ་ཉིང་ལག་ཅུས་མར་ཐང་མངགས་གཏོང་ཁང་ཞེས་པའི་མིང་དངོས་སུ་བསྒྱུར་བ་རེད། མངགས་གཏོང་ཁང་བཙུགས་ནས་ལོ75རིང་ལ། ཐོག་མཐའ་གསུམ་དུ་ཆབ་མདོའི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྟོབས་ཤུགས་གཙོ་བོ་སྲུང་འཛིན་བྱུང་ཡོད།

2024ལོར་མངགས་གཏོང་ཁང་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ”ཞེས་པའི་མཚན་སྙན་ཐོབ་པ་རེད།