国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月17日

ཧྥུའུ་ཅན་ཉིན་རེའི་ཚགས་པར་ཁང་དང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ། ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་བཅས་ཕྱོགས་གསུམ་གྱི་དྲིལ་བསྒྲགས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཧྥུའུ་ཅན་ཉིན་རེའི་ཚགས་པར་ཁང་དང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ། ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་བཅས་ཕྱོགས་གསུམ་གྱི་དྲིལ་བསྒྲགས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་མཛད་སྒོ་ཆབ་མདོར་སྤེལ་བ་རེད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་རུ་དཔོན་བཅས་ཡིན་པའི་ཧོང་ཀའོ་ཅན་གྱིས་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ནི་བོད་སྐྱོར་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དགེ་མཚན་གྱི་གསབ་རེས་མཐའ་འཁྱོངས། བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ཧུར་ཐག་དྲིལ་བསྒྲགས། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་གསར་པ་སྒྲོག་སྤེལ། ཧྥུའུ་ཅན་དང་ཆབ་མདོའི་མཉམ་འདྲེས་ཀྱི་གཏམ་རྒྱུད་གསར་པ་ཡག་པོ་བརྗོད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཅེས་བསྟན།

ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཡིས་ཐུན་མོང་གི་ངོས་འཛིན་ལ་བརྟེན་ནས“སེམས་མཐུན་གྱི་འདོད་བློ”བསྐང་བ་དང་། མཉམ་འགུལ་ལ་བརྟེན་ནས“སྒུལ་ནུས་གསར་པ”གཅིག་ཏུ་འགྲིལ་བ། མཉམ་ལས་ལ་བརྟེན་ནས“སེམས་སྦྲེལ་ཟམ་པ”འཛུགས་པ་བཅས་བྱས་ཏེ། ཧྥུའུ་ཅན་དང་ཆབ་མདོའི་བརྩེ་བ་ཟབ་མོ་རྒྱུན་ཆད་མེད་པར་གཏིང་ཟབ་གཏོང་རྒྱུའི་བསམ་པ་བསྟན་ཡོད།

ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཧྥུའུ་ཅན་ཉིན་རེའི་ཚགས་པར་ཁང་གི་འབྲེལ་ཡོད་བློ་མཐུན་སྤེལ་རེས་ནང་ཞུགས་ཡོད།

མཛད་སྒོ་ཐོག ཕྱོགས་གསུམ་གྱིས་ཐུན་མོང་ཐོག་དྲིལ་བསྒྲགས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད།