འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས13ཉིན། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས85པ་དང་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཏང་ཙུའི2025ལོའི་ལོ་འཁོར་གྱི(རྒྱ་ཆེ)ཚོགས་འདུ་ཐེངས12པ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐན་ཧའོ་དང་། ཧོང་ཀའོ་ཅན། གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ། ཧྲེ་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ། ཝུའུ་ཅན། མིག་ཚེ། ཐོགས་མེད་ཤེས་རབ། ཡང་ཝུན་ཧྲན། ཀའོ་ཞུའེ་ཏུང་བཅས་ཚོགས་འདུར་ཞུགས་ཡོད།
གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད། ལའོ་ཆིན་འུའུ་ཡིས་ཐེངས་འདིའི་བཀོད་གཏོང་ཚོགས་འདུ་མཚོན་རྟགས་སུ་བརྩིས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དམ་འཛིན་བྱེད་པའི་ལོ་མཇུག་གི་འགག་སྒྲོལ་བྱ་སྤྱོད་འགོ་ཚུགས་པ་དང་། ཧྲེ་ཀྲང་གཞོན་པ་དག་གིས་ལས་འགན་ལྟར་ཁས་བགོས་ལ་སྣེ་ཁྲིད་དེ་སྤྱི་ལ་དམ་འཛིན་བྱས་ནས་རྣམ་གྲངས་དང་གཙོ་གནད་ལས་འགན་རེ་རེར་དོ་དམ་བྱེད་མཁན་དང་། འདེད་སྲུང་མཁན། དམ་འཛིན་མཁན། དོན་འཁྱོལ་མཁན་བཅས་ཡོད་པ་བྱེད་དགོས། གྲི་དངོ་ནང་ལ་ཕྱོགས་པའི་བློ་སྟོབས་དང་བྱས་པའི་རྗེས་ཀྱི་བྱེད་ཤུགས་ལ་བརྟེན་ནས་རིམ་པ་རིམ་པར་འགན་འཁྲི་ནན་དཀྲི་དང་ནུས་ཤུགས་གང་ཡོད་བཏོན་ནས་དམིགས་ཚད་ཁག་མདུན་དུ་བསྐྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་རྒྱུད་འཛིན་སྲོལ་ཡིག(འཆར་ཟིན)གི་དགོངས་སྐོར》རྩ་དོན་ཐོག་མོས་མཐུན་བྱུང་བ་རེད།

