国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月17日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཏང་གི་སློབ་གྲྭར2025ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཏང་གི་སློབ་གྲྭའི2025ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཁྲིད་གནང་ཡོད་པ་རེད།

ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། ཟབ་སྦྱོང་མཐིལ་རྟོགས་དང་། དྲིལ་བསྒྲགས་སྒྲོག་འགྲེལ། ལག་བསྟར་དོན་འཁྱོལ་ཡོང་བར་ཤུགས་རྒྱག་པ་དང་ཕན་འབྲས་ཐོན་པར་བྱས་འི་སྒོ་ནས་དྲིན་ཚོར་གོང་བཀུར་གྱི་བརྩེ་བ་ལས་སྒྲུབ་ལས་གཏོད་ཀྱི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་བ་བྱས་ཏེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ”པར་ཆབ་མདོའི་འགན་འཁྲི་འཁུར་བ་དང་ཆབ་མདོའི་ལེགས་སྐྱེས་འབུལ་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་ནས་ཆབ་མདོ་ནི“ཅི་ཞིག་ཡིན་པ་དང་། ཅི་ལྟར་སྒྲུབ་པ། ཅིའི་ཕྱིར་ཡིན་པ། ཅི་ལྟར་བྱས་ཏེ་བསྒྲུབ་པའི”ཐད་ཀྱི་ལག་ལེན་གྱི་ཐབས་ལམ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྱོང་དང་། བརྟན་ལྷིང་། འཕེལ་རྒྱས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་དམ་འཛིན་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་འཛུགས་སྐྲུན་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་བློ་ཐག་ཆོད་པོས་མཐའ་གཅིག་ཏུ“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་གྱི་ལ་རྒྱ་དང་གཟི་བརྗིད”སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་ཡོད།