国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月14日

མེ་སྤྱོད་སྐབས“ངེས་པར་དུ་དྲུག”སེམས་ལ་བརྟན་པོར་ངེས་དགོས།

བདེ་འཇགས་ལ་དོ་དམ་བྱེད་རིང་མེ་སྤྱོད་པའམ་ཡང་ན་མེ་སོན་འབྱུང་སྲིད་པར་བརྟག་ཞིབ་བྱེད་པའི་ལས་ཀ་ཚང་མ་མེ་སྤྱོད་པའི་ལས་ཀའི་ཁོངས་སུ་གཏོགས་པས་བཀོལ་སྤྱོད་ཡག་པོ་མ་བྱུང་ཚེ་མེ་སྐྱོན་ནམ་ཡང་ན་འབར་གས་ཀྱི་ལས་འཛོལ་ཐོན་སླ་པོ་ཡོད།

གང་ཞིག་ལ་མེ་སྤྱོད་པའི་ལས་ཀ་ཟེར་རམ།

མེ་སྤྱོད་པའི་ལས་ཀ་ཞེས་པ་ནི་མེ་འགོག་ཟོན་བྱ་ཡུལ་དུ་ཐད་ཀར་རམ་བར་བརྒྱུད་ཀྱིས་མེ་འབྱུང་བའི་བཟོ་རྩལ་སྒྲིག་ཆས་སྤྱད་པ་ལས་མེ་ལྕེ་དང་། མེ་སྟག་གམ་ཡང་ན་དངོས་པོའི་ངོས་ཧ་ཅང་ཚ་པོ་ཆགས་པའི་རྒྱུན་སྲོལ་མིན་པའི་ལས་ཀ་བྱེད་པར་ཟེར་ཞིང་། དེའི་ནང་གློག་གི་ཚ་ལ་དང་། སོལ་རླངས་ཀྱི་ཚ་ལ། འབར་མདའ། གློག་གསོར། རྡར་འཁོར། བྱེ་གཏོར་འཕྲུལ་ཆས་སོགས་ཀྱི་ལས་ཀ་བྱེད་པ་ཚུད་ཡོད།

མེ་སྤྱོད་སྐབས་བདེ་འཇགས་ཀྱི་ཉེན་ཁ་གང་དག་ཡོད་དམ།

1.ཚ་ལ་རྒྱག་སྐབས་མེ་སྟག་ཐོར་ནས་མཐའ་འཁོར་གྱི་དངོས་པོར་མེ་འབར་ཏེ་མེ་སྐྱོན་དང་འབར་གས་འབྱུང་སྲིད་པ།

2.ལས་ཡུལ་གྱི་མཐའ་འཁོར་དུ་འབར་གས་སླ་བའི་རླངས་གཟུགས་ཡོད་ཚེ་མེ་ལྕེའམ་དྲོད་ཚད་ཆེན་པོ་དང་ཐུག་ནས་འབར་གས་འབྱུང་སྲིད་པ།

3.གུ་དོག་སར་མེ་སྤྱོད་སྐབས་མཁའ་རླུང་འགྲོ་རྒྱུག་ཡག་པོ་མེད་པའི་དབང་གིས་འབར་སླ་བའི་དངོས་པོ་ཧ་ཅང་ཚ་པོ་ཆགས་ཏེ་མེ་དང་དྲོད་ཚད་མཐོ་བ་དང་ཐུག་ཚེ་འབར་གས་འབྱུང་སྲིད། དེའི་ཁར་གུ་དོག་སར་མི་ཁ་འགྲེམས་བྱེད་དཀའ་བས་མི་ལ་གནོད་འཚེ་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

4.མེ་སྤྱོད་སྐབས་ཡོ་ཆས་ལོགས་སུ་ནུས་ལྡན་བཀར་མེད་ཚེ་འབར་སླ་བའི་དངོས་པོ་ཡོ་ཆས་ནང་འཛུལ་ནས་འབར་གས་འབྱུང་སྲིད།

5.ལས་ཀ་བྱེད་མཁན་གྱི་ལག་རྩལ་བྱང་ཆུབ་པོ་མེད་པ་དང་ལག་ཁྱེར་མེད་པར་ལས་ཀ་བྱས་ཚེ་ཉེན་ཁ་ཆེན་པོ་ཡོད།

6.སོལ་རླངས་ཀྱི་ཚ་ལ་རྒྱག་སྐབས་གསོ་རླུང་དབུགས་རིལ་དང་འབར་རླུང་དབུགས་རིལ་ལ་བདག་པོ་ཡག་པོ་མ་བརྒྱབ་ན་མེ་སྐྱོན་ནམ་འབར་གས་འབྱུང་སྲིད།

7.གློག་གི་ཚ་ལ་རྒྱག་ཆས་སྤྱོད་སྐབས་མིར་གློག་འཁྱུད་པའམ་ཡང་ན་རླངས་གཟུགས་འབར་གས་འབྱུང་སྲིད།

མེ་སྤྱོད་པའི་ལས་ཀའི་མེ་སྐྱོན་སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

མེ་སྤྱོད་སྐབས“ངེས་པར་དུ་དྲུག”སེམས་ལ་བརྟན་པོར་ངེས་དགོས།

ངེས་པར་དུ་མཐའ་འཁོར་གྱི་འབར་རུང་དངོས་པོ་དང་འབར་གས་སླ་བའི་དངོས་པོ་གཙང་སེལ་བྱས་ཏེ་མེ་སྤྱོད་པའི་ལས་ཀ་བྱ་ཡུལ་དང་ས་ཆ་གཞན་དག་དབར་མེ་འགོག་ལོགས་དབྱེ་བྱེད་དགོས་པ་དང་།

ངེས་པར་དུ་དེ་མཚུངས་ཀྱི་མེ་ཟོན་ཡོ་ཆས་སྒྲིག་སྦྱོར་བྱས་ཏེ་མེ་ཟོན་ཐད་ཀྱི་ཆུ་སྤྱོད་པར་འགན་སྲུང་བྱེད་དགོས་པ།

ངེས་པར་དུ་ཁ་འགྲེམས་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། མེ་གསོད་འཁོར་རིགས་ཀྱི་བགྲོད་ལམ་བཅས་ཤར་གཏོང་ཡོང་བར་འགན་སྲུང་བྱེད་དགོས་པ།

ངེས་པར་དུ་ས་གནས་ས་ཐོག་ཏུ་ཐིག་རྒྱའམ་ཡང་ན་བདེ་འཇགས་ཀྱི་མཚོན་རྟགས་འཛུགས་དགོས་པ།

ངེས་པར་དུ་མེ་སྐྱོན་དང་འབར་གས་ཀྱི་ཉེན་ཁ་ཡོད་པའི་ལས་ཀ་མཉམ་དུ་བྱེད་མི་རུང་།

ངེས་པར་དུ་ཆེད་མངག་མི་སྣ་བཀོད་སྒྲིག་བྱས་ཏེ་ས་གནས་ས་ཐོག་ཏུ་ལས་རིམ་ཧྲིལ་པོར་ལྟ་སྲུང་བྱེད་དགོས་པ་བཅས་སོ།

(བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས་པ་ཡིན)