འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི2025ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་དགོན་སྡེ་ཡིས“མོས་སེམས་ལྔ”གཏིང་ཟབ་གཏོང་བའི་སློབ་སྦྱོང་སྤེལ་རེས་ཚོགས་འདུ་སྨར་ཁམས་རྫོང་དུ་སྤེལ་བ་རེད། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་། འཐབ་ཕྱོགས་གཅིག་གྱུར་ཚན་པའི་འགན་འཁུར་བ་དང་དེ་བཞིན་གྲྭ་བཙུན་གྱི་འཐུས་མི་བཅས120ལྷག་མཉམ་དུ་འཛོམས་ཏེ། ས་གནས་ས་ཐོག་ཏུ་བཅར་འདྲི་དང་། སྤེལ་རེས་བཞུགས་མོལ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས། ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་གྱི་འཕེལ་རྒྱས་ཇུས་ཆེན་ལ་གྲོལ་མོལ་དང་མི་རིགས་བློ་མཐུན་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ཡོད།
སྤེལ་རེས་ཚོགས་པ་ཐོག་མར་ཚྭ་ལྷོའི་གནམ་བདག་ཆོས་ཁང་དང་ཟླ་ཆུའི་འགྲམ་རྒྱུད་ཀྱི་ལོ་ངོ་སྟོང་གི་ཚྭ་ཞིང་དུ་བསྐྱོད་པ་རེད། ཚྭ་ལྷོའི་གནམ་བདག་ཆོས་ཁང་དུ་བོད་ལུགས་བཟོ་རྩལ་ཉམས་འགྱུར་དང་གནམ་བདག་ཆོས་ལུགས་ཀྱི་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་དེ་ནི་རིག་གནས་མི་འདྲ་བ་གཉིས་མཉམ་འདྲེས་བྱུང་བའི་དཔེ་དབྱིབས་གསོན་པོ་ཞིག་ཏུ་གྱུར་བ་དང་། འཐུས་མི་ཚོས་ཚ་ཚ་འུར་འུར་ངང་བགྲོ་གླེང་བྱུང་ཡོད། ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཚྭ་ཞིང་ཐོག ད་བར་རྒྱུད་འཛིན་བྱུང་བའི་ཚྭ་བཟོ་ལག་རྩལ་དེས་མི་རིགས་ཁག་དབར་དུས་ཡུན་རིང་པོའི་ཐོན་སྐྱེད་འཚོ་བའི་ནང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱུང་བའི་རྣམ་པ་ཟབ་མོ་དེ་མངོན་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག་ཚང་མས་དགོན་སྡེ་ཚད་ལྡན་ཅན་དོ་དམ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་སོགས་ཀྱི་ནང་དོན་ལ་དམིགས་ཏེ་བགྲོ་གླེང་གཏིང་ཟབ་བྱས་པ་དང་། རང་ངོས་ཀྱི་ཉམས་མྱོང་དང་འབྲེལ་ཏེ་དུས་རབས་གསར་པའི་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་རིམ་སྤར་དང་། དགེ་འདུན་པའི་སྤྱི་ཚོགས་ཀྱི་འགན་སྲུང་སྲིད་ཇུས་ལག་བསྟར་བྱུང་བའི་འགྱུར་ལྡོག་ཟབ་མོ་མཉམ་སྤྱོད་བྱས་ཏེ། “འདུ་ཤེས་གསུམ”སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།