འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།2025ལོ་ནི《བཅོལ་དངུལ་འགན་བཅོལ་ལམ་ལུགས་སྲོལ་ཡིག》ལག་བསྟར་བྱས་ནས་ལོ10ཏག་ཏག་འཁོར་བ་ཡིན། མང་ཚོགས་ཀྱིས་བཅོལ་དངུལ་འགན་བཅོལ་ལུགས་ལ་བཅངས་པའི་ཤེས་ཚད་མཐོར་འདེགས་གཏོང་ཆེད། ཟླ10པའི་ཚེས13ཉིན། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཉིང་ལག་དངུལ་ཁང་གིས་ཆབ་མདོར་སྡོད་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཁྱབ་ཁོངས་སུ“ལོ་ངོ་བཅུ་ཡི་འབད་འཐབ། བཅོལ་དངུལ་འགན་བཅོལ་སྔར་བཞིན”ཞེས་པ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ9པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་སུ་བཅོལ་དངུལ་འགན་བཅོལ་དྲིལ་བསྒྲགས་བྱེད་སྒོ་ཁྱོན་ཐེངས300ཡས་མས་སྤེལ་བ་དང་། དྲིལ་བསྒྲགས་ཡིག་ཆ14000ཉེ་བ་སྤྲད་དེ་དྲིལ་བསྒྲགས་བྱེད་སྒོ་ནང་ཞུགས་ཚད་མི་གྲངས་ཁྲི2ཡས་མས་ཟིན་ཡོད།