国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月14日

ཁྲུང་ཆིན་དང་ཆབ་མདོ་ས་ཁུལ་གཉིས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས11 ཉིན། ཁྲུང་ཆིན་དང་ཆབ་མདོ་ས་ཁུལ་གཉིས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཡིས་རྟོག་ཞིབ་ཚོགས་ཆུང་ལ་དགའ་བསུ་ཞུས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་གཞི་རྩའི་གནས་ཚུལ་དང་དེ་བཞིན་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ངོ་སྤྲོད་བྱས་ཡོད་པ་རེད། ཁོང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དེ་བཞིན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱི་རྒྱབ་སྐྱོར་འོག ཆབ་མདོ་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བསམ་བློ་དང་། དགོངས་པ། རིག་གནས་བཅས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱུང་ཡོད། ཁྲུང་ཆིན་གྱིས་གསར་འགྱུར་དྲིལ་བསྒྲགས་ཀྱི་སྟེགས་བུ་མཐུན་རྐྱེན་བསྐྲུན་པ་དང་། ཤེས་དཔལ་ལག་ལེན་ལྟེ་གནས་སྒྱུར་བཀོད། སྨྱན་སྦྱོར་གསར་པའི་ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་ནས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཁྲུང་ཆིན་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་གློག་བརྙན་ཅུས་ཀྱི་ཅུས་ཀྲང་ཀོན་ཧུང་གིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་ཡོད།