国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月14日

ཆབ་མདོ་གྲོང་ཁྱེར་གྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”གི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཉེ་ལམ་འཚོགས་པའི་ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”འཛུགས་སྐྲུན་དང་། དོ་དམ། བཀོལ་སྤྱོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་ཉམས་མྱོང་སྤེལ་རེས་བྱེད་པའི་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་ཟླ་4པའི་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཚུན། གྲོང་ཁྱེར་ཡོངས་ཀྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”150དེ་ནམ་རྒྱུན་འཐུས་མིས་སློབ་སྦྱོང་དང་གསབ་སྦྱོང་གི་སློབ་ཚན་ཞིག་དང་། འདེམས་དམངས་ལ་སྣེ་ལེན་གྱི་སྦྲེལ་ཟམ། ཁྲིམས་ལྟར་འགན་སྒྲུབ་ཀྱི་གར་སྟེགས། མང་ཚོགས་ལ་ཞབས་ཞུ་བྱེད་པའི་སྒེའུ་ཁུང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་གཡུལ་ས་ལྟ་བུ་ཞིག་ཏུ་གྱུར་ཏེ། ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་སྒྲིག་འཛུགས་སློབ་སྦྱོང་དང་། ནུས་པ་ཆེ་རུ་གཏོང་བའི་སྤུས་ཚད་མཐོར་གཏོང་གི་སྟེགས་བུ་ཞིག་ཧུར་ཐག་གཏོད་དེ། རྒྱུན་རྣམ་ཅན་གྱིས་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཁྱིམ་ཚང་དུ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་། ཏང་གི་གསར་གཏོད་རིགས་གཞུང་དང་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དངོས་ཡོད་བླང་བྱར་སློབ་སྦྱོང་བྱེད་པ་དང་། འདེམས་དམངས་འབྲེལ་གཏུག་དང་དམངས་ཀྱི་འདོད་བློ་མཚོན་པའི་བསམ་འཆར་གྱི་ཐད་གཏོང་སྟེགས་བུ་ཞིག་གཏོད་དེ་ཟླ་རེའི་ཚེས15ཉིན་ནི“འདེམས་དམངས་སྣེ་ལེན་ཉིན་མོ”གཏན་འཁེལ་བྱས་ནས་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རེས་འཁོར་གྱིས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”དུ་འདེམས་དམངས་སྣེ་ལེན་བྱེད་ཀྱིན་ཡོད་པ་དང་། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་ཚུན་དུ། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“ཁྱིམ་ཚང”དུ་འདེམས་དམངས་མི9200ལྷག་ལ་སྣེ་ལེན་ཞུས་ཡོད་ལ། ལོ་རེར་ཆ་སྙོམས་བྱས་ན་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ600ལྷག་བསྡུ་རུབ་བྱས་ཏེ། ཉམས་མྱོང་སྤེལ་རེས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་སློབ་སྦྱོང་ཡར་རྒྱས་འགྲོ་བྱེད་ཀྱི་སྟེགས་བུ་ཞིག་གཏོད་ཡོད།