国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月14日

ཀྲོང་ཅིན་སུང་གིས་དཔའ་ཤོད་རྫོང་དུ་རྟོག་ཞིབ་གནང་བ།

འདི་ནི་ཀྲོང་ཅིན་སུང་གིས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས8ཉིན་ནས་ཚེས10ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་དཔའ་ཤོད་རྫོང་གི་ཤང(གྲོང་རྡལ)དང་། གྲོང་ཚོ(སྡེ་ཁུལ)སློབ་གྲྭ། དགོན་སྡེ་ཁ་ཤས་སུ་ཕེབས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་བྱས་པ་དང་། སྤྱི་ཚོགས་བཅོས་སྐྱོང་དང་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཡོད་པ་རེད།

ཀྲོང་ཅིན་སུང་གིས་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། དངོས་འཛིན་དངོས་སྒྲུབ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཆེ་རུ་གཏོང་རྒྱུ་ཤུགས་དགོས་ཤིང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། དགོན་སྡེའི་བཅའ་སྡོད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཤིང་། ནུས་རྒྱུ་གཙང་མ་སོགས་ཀྱི་དགེ་མཚན་ལ་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། ས་མཐོའི་ཁྱད་ལྡན་དགེ་མཚན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཞིང་འབྲོག་ཁུལ་གྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་རྩལ་ནུས་གསབ་སྦྱོང་སྤེལ་རྒྱུ་དང་ཟུང་འབྲེལ་གྱིས་ཞིང་ལས་ཀྱི་རྣམ་པ་གསར་པའི་གཉེར་སྐྱོང་བདག་ཉིད་རོགས་སྐྱོར་བྱེད་པ་དང་། ཞིང་ལས་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལས་དོན་ཁག་ཏན་ཏིག་ངང་སྤེལ་ཏེ། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཚོགས་མང་ཁྲོད་ནས་ཕུལ་བྱུང་ཤེས་ལྡན་པ་སྔོག་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།