国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月14日

བོད་སྐྱོར་གློག་བརྙན《གངས་ལྗོངས་སེམས་ཀྱི་རི་མོ》ཞེས་པ་བོད་དུ་ཐོག་མར་གཟིགས་འབུལ་བྱས་པ།

འདི་ནི་བོད་སྐྱོར་གློག་བརྙན《གངས་ལྗོངས་སེམས་ཀྱི་རི་མོ》ནང་གི་དུམ་ཚན་གཅིག

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས11ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཁྲུང་ཆིན་གྱི་བོད་སྐྱོར་བརྗོད་དོན་གཙོ་བོ་བྱས་པའི་གློག་བརྙན་ཐོག་མ《གངས་ལྗོངས་སེམས་ཀྱི་རི་མོ》ཞེས་པ་དེ་ཆབ་མདོའི་ཇ་རྟའི་གློག་བརྙན་ཁང་དུ་གཟིགས་འབུལ་བྱས་པ་རེད།

ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་དང་། ཁྲུང་ཆིན་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་གློག་བརྙན་ཅུས་ཀྱི་ཅུས་ཀྲང་ཀོན་ཧུང་རྣམ་གཉིས་ཞུགས་ཡོད།

སྤྱིའི་བརྙན་བཟོ་མཁན་ཀྲིག་པིང་ཁྲེན་གྱིས་ས་གནས་ས་ཐོག་ཏུ་གསར་གཏོད་བྱེད་པའི་བརྒྱུད་རིམ་མཉམ་སྤྱོད་བྱས་ཡོད།

ཁྲུང་ཆིན་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་དང་ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོ་པའི་འཐུས་མིས་ས་གནས་ས་ཐོག་ཏུ་བལྟས་ཡོད་པ་རེད།

གློག་བརྙན་འདི་ནི་ཁྲུང་ཆིན་གྱི་རྩོམ་པ་པོ་ཀྲིག་པིང་ཁྲེན་གྱིས་བརྩམས་པའི་སྙན་ཞུའི་རྩོམ་རིག་རིང་མོ《གངས་ལྗོངས་སེམས་ཀྱི་རི་མོ》ཞེས་པ་བཅོས་སྒྲིག་བྱས་པ་ཞིག་ཡིན་ལ། བརྩམས་ཆོས་ལ་དེ་སྔར་ཁྲུང་ཆིན་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“གཅིག་ཅན་ལྔའི་བཟོ་སྐྲུན”གྱི་བྱ་དགའ་དང་། སྐབས་དགུ་པའི་ཁྲུང་ཆིན་གྲོང་ཁྱེར་རྩོམ་རིག་བྱ་དགའ་བཅས་ཐོབ་ཡོད།