འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་སྡོད་ལས་བྱེད་པ་ཁག་བཅུ་བཞི་པ་བརྗེས་ཚུན། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྔུལ་ཤོད་ཤང་གིས་གྲོང་སྡོད་ཀྱི“5+1”གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས“ཞིབ་ཚགས་རྣམ་པའི་གསོ་སྦྱོང་དང་། ཕྱོགས་བསྡུས་རྣམ་པའི་གཟིགས་སྐྱོང་། རྗེས་སྙེག་རྣམ་པའི་ལྟ་སྐུལ་མཛུབ་ཁྲིད”བཅས་ཀྱི་བྱ་ཐབས་སྤྱད་དེ་གྲོང་སྡོད་ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱས་པ་རེད།
གསོ་སྦྱོང་ཐད། རྔུལ་ཤོད་ཤང་ཏང་ཨུད་ཀྱིས་མ་ལག་ཅན་དང་ཆེད་ལས་ཅན་གྱི་ལས་གྲབས་སྦྱོང་བརྡར་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། གྲོང་སྡོད་ལས་བྱེད་པའི་ལས་སྒོ་མགྱོགས་མྱུར་འཕེར་བའི་འགན་ལེན་བྱས་ཏེ། གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ཞིང་། ཤང་དེའི་གྲོང་སྡོད་ལས་བྱེད་པ་49ཚང་མར་གསོ་སྦྱོང་བྱས་ནས། གྲོང་སྡོད་ལས་དོན་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བ་རེད།
གཟིགས་སྐྱོང་ཐད། རྔུལ་ཤོད་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་དང་རིམ་པ་མང་བའི་གཅེས་སྐྱོང་མ་ལག་བསྐྲུན་ནས། གྲོང་སྡོད་ལས་བྱེད་པའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཏན་ཏིག་བསལ་ཡོད། འཁོར་རིགས་སྤྱི་འདོམས་བཀོད་སྒྲིག་ལམ་སྲོལ་བཙུགས་ནས་གྲོང་སྡོད་ལས་བྱེད་པ་སྐྱོད་སྟབས་བདེ་པོ་ཡོང་བར་འགན་ལེན་བྱས་པ་མ་ཟད། ད་དུང་འཚམས་འདྲི་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུ་འཚོག་པ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་སྡོད་ལས་བྱེད་པའི་ལས་ཀ་དང་འཚོ་བའི་གནས་ཚུལ་དང་བསམ་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་བ་རེད།
ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཐད། རྔུལ་ཤོད་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། གྲོང་སྡོད་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་བརྒྱུད། ཁོང་ཚོས་གྲོང་སྡོད་ལས་དོན་ཁྲོད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་དག་ཐེར་ལ་སྐུལ་འདེད་བཏང་ནས། གྲོང་སྡོད་ལས་དོན་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་བྱས་པ་རེད།
རྔུལ་ཤོད་ཤང་གི་བྱ་ཐབས་འདི་དག་ལས་གྲོང་སྡོད་ལས་བྱེད་པའི་ལས་ཕྱོད་ཆེ་རུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་དང་བསྔཌ་བརྗོད་ཀྱང་ཐོབ་ནས། གྲོང་གསེབ་དར་རྒྱས་ལས་དོན་བདེ་བླག་སྤེལ་བར་འགན་སྲུང་ནུས་ལྡན་ཐུབ་ཡོད་པ་རེད།