国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月07日

ཆབ་མདོ་གྲོང་ཁྱེར་གྱིས་སྔོན་གཤེགས་དཔའ་བོ་དྲན་གསོའི་ཉིན་མོར་མེ་ཏོག་སི་ར་འབུལ་བའི་བྱེད་སྒོ་སྤེལ་བ།

ཟླ་9ཚེས་30ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་སྤྱི་མཆོད་བྱེད་སྒོ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་དང་ལྷན་དུ་ཆབ་མདོ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་སི་ར་ཕུལ་ནས་དྲན་གསོ་ཞུས་པ།

ཟླ་9ཚེས་30ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མེ་ཏོག་སི་ར་འབུལ་བའི་བྱེད་སྒོ་སྤེལ་བ་དང་འདི་ནི་ཀྲོང་ཅིན་སུང་གིས་མེ་ཏོག་སི་རའི་དར་འཛར་སྲོང་སྐྱོར་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས30ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་སྔོན་གཤེགས་དཔའ་བོ་དྲན་གསོའི་ཉིན་མོར་མེ་ཏོག་སི་ར་འབུལ་བའི་བྱེད་སྒོ་སྤེལ་ཡོད། ཆབ་མདོ་གྲོང་ཁྱེར་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་ཆབ་མདོ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་ནས་དྲན་གསོ་ཞུས་པ་རེད།

ཀྲོང་ཅིན་སུང་དང་། ལའོ་ཆིན་འུའུ། ལིས་ཧྲུའུ་གོ ཧུང་གོ་ཅིན། ཆིས་ཡན་ཧུའེ། ཀྲའོ་པིང་། ལིས་ཡུའེ་ཧུང་། ཝང་ཧྲི་ཡུས། ཅྰ་ཤིན་ཡུས། ཏིན་ཝུན་ཁྲང་། ཤའེ་ཝུན་ཀོང་བཅས་མཉམ་ཞུགས་གནང་ཡོད།

སྔ་དྲོའི་ཆུ་ཚོད10པ་ཏག་ཏག་ལ་སྔོན་གཤེགས་དཔའ་བོ་དྲན་གསོ་ཉིན་མོའི་སྤྱི་མཆོད་བྱེད་སྒོ་དངོས་སུ་འགོ་ཚུགས་ཤིང་། བརྗིད་ཉམས་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དང་བསྟུན་ནས་ཚོགས་རར་འཛོམས་པའི་མི་ཀུན་གྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད།

རྒྱལ་གླུ་བླངས་རྗེས་ཚོགས་ར་ཡོངས་སུ་གུས་སྟབས་ཀྱིས་ཡར་ལངས་ཏེ་ཆབ་མདོའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་བཅས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ངག་བསྡམས་ནས་མྱ་ངན་ཞུས་རྗེས། ལོ་ཆུང་གདོང་ལེན་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་དབྱངས་བླངས་ནས་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་རེད།

དྲན་གསོའི་རྡོ་རིང་གི་མདུན་དུ། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། ཆབ་མདོའི་ཡན་ལག་དམག་ཁུལ་ཁང་། ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་བཅས་ཀྱིས་མེ་ཏོག་སི་ར་ཆེན་པོ6རེ་རེ་བཞིན་གྲལ་བསྒྲིགས་ཡོད། བརྩེ་སེམས་ཀྱིས་ཁེངས་པའི《མེ་ཏོག་འབུལ་བའི་རོལ་དབྱངས》དང་བསྟུན་ནས་གུས་དམག་གིས་མེ་ཏོག་སི་ར་བཏེགས་ཏེ་མདུན་དུ་བསྐྱོད་དེ་མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་གདན་ཐོག་ལ་དལ་གྱིས་བཞག་པ་རེད། ཀྲོང་ཅིན་སུང་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་རྣམས་དལ་ལྷོད་ངང་དྲན་གསོའི་རྡོ་རིང་གི་མདུན་སྟེགས་ལ་བཅར་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་དང་མྱ་ངན་མཚོན་པར་བྱས་ཡོད། དེ་རྗེས་མཛད་སྒོར་ཞུགས་པའི་འགོ་ཁྲིད་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཚོས་གོམ་པ་དལ་གྱིས་སྤོས་ནས་མཉམ་དུ་སྔོན་གཤེགས་དཔའ་བོ་དྲན་གསོའི་རྡོ་རིང་ལ་གཟིགས་པ་དང་གསར་བརྗེའི་ལོ་ཟླར་ཕྱིར་དྲན། གསར་བརྗེའི་སྙིང་སྟོབས་མྱོང་ཚོར་བཅས་བྱས་ཡོད།