国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月07日

ངེད་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་76འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོཌ་པ།

ཟླ10པའི་ཚེས་1ཉིན་གྱི་སྔ་དྲོར། ངེད་གྲོང་ཁྱེར་གྱིས་བཅིངས་འགྲོལ་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་76འཁོར་བར་རྟེན་འབྲེལ་ཞུས་པ་རེད། འདི་ནི་མཛད་སྒོ་ཡུལ་དངོས་ཡིན་པ།

ཟླ10པའི་ཚེས་1ཉིན་གྱི་སྔ་དྲོར། ངེད་གྲོང་ཁྱེར་གྱིས་བཅིངས་འགྲོལ་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་76འཁོར་བར་རྟེན་འབྲེལ་ཞུས་པ་རེད། འདི་ནི་མཛད་སྒོ་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས་1ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་བཅིངས་འགྲོལ་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་76འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

ཀྲོང་ཅིན་སུང་དང་། ལའོ་ཆིན་འུའུ། ལིས་ཧྲུའུ་གོ ཆིས་ཡན་ཧུའེ། དངོས་གྲུབ་ཟླ་བ། ཀྲའོ་པིང་། ལིས་ཡུའེ་ཧུང་། ཝང་ཧྲི་ཡུས་བཅས་ཞུགས་ཡོད། ཏིན་ཝུན་ཁྲང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་གཙོ་སྐྱོང་ཞུས་ཡོད།

སྔ་དྲོའི་ཆུ་ཚོད་10ཏག་ཏག་ལ་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དཔའ་ཉམས་དོད་པའི་རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་རྒྱལ་དར་སྒྲེང་སྟེགས་སུ་སྲུང་སྐྱེལ་བྱས། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་འགྱུར་ཁུགས་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས། ས་གནས་ས་ཐོག་གི་ལས་རིགས་ཁག་གི་མི་སྣས་རྒྱལ་དར་ལ་མིག་འདུད་ཞུ་བ་དང་། བརྩེ་བ་ཟབ་མོས་རྒྱལ་དར་ལ་ལྟ་བཞིན་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་ཏང་ལ་བླ་ན་མེད་པའི་གུས་འདུད་ཞུ་ལུགས་དང་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་པ་རེད།

ཏིན་ཝུན་ཁྲང་གི་ཤིས་ཚིག་ནང་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་76འཁོར་བའི་ལོ་ཡིན་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་རྟེན་འབྲེལ་མཛད་སྒོ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས་ང་ཚོར་སྐུལ་ལྕག་ཆེན་པོ་དང་། ཡར་བརྩོན་ཆེན་པོ། ཡིད་ཆེས་ལྡབ་འགྱུར་གྱིས་བསྩལ་ཡོད། དེ་རིང་ང་ཚོས་འདི་ནས་གཟབ་རྒྱས་ངང་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་76འཁོར་བར་རྟེན་འབྲེལ་ཞུ་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ་བཅས་བྱས་ཏེ། དྲིན་ཚོར་མདུན་སྐྱོད་ཀྱི་ཉམས་འགྱུར་གྱི་ཐོག་ནས“དོན་ཆེན་བཞི”རྒྱུན་མཐུད་ངང་དམ་འཛིན་གཏིང་ཟབ་བྱེད་པ་དང་། གྲོང་ཨུད་ཀྱི“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་དམ་པོར་དམིགས་ཏེ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོས་ཁྲིད་སྟོན་དུ་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པར་གསར་འབྱེད་ཡར་བརྩོན་དང་དཔའ་ངར་མདུན་སྐྱོད་བྱེད་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་དགོས་ཅེས་བསྟན།

མཛད་སྒོར་ཞུགས་མཁན་གྱི་གྲས་སུ་གྲོང་ཁྱེར་དམངས་འཐུས་དང་། སྲིད་གཞུང་། སྲིད་གྲོས། ཆབ་མདོའི་ཡན་ལག་དམག་ཁུལ་ཁང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། དྲག་ཆས་ཉེན་རྟོག་ཆབ་མདོའི་ཡན་ལག་རུ་ཁག གྲོང་ཁྱེར(ཧྲི)རིམ་པའི་འགོ་ཁྲིད། ཆབ་མདོའི་ཏང་སྲིད་དམག་གསུམ་དང་དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་བཅས་ཡོད་པ་རེད།