འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས29ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་གིས་མཛུབ་སྟོན་བྱས་པ་དང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པའི“ང་ཚོའི་དུས་ཆེན། ཟླ་མཆོད”ཅེས་པའི་ཆབ་མདོའི་ཚོགས་ར་གཙོ་བོའི་དཔེ་སྟོན་བྱེད་སྒོ་དེ་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་དུ་གཉེར་བ་རེད།
བྱེད་སྒོ་ཉིན་དེར། “ཀྲུང་ཧྭའི་བརྩེ་བ། ཤོ་མདོའི་ཟླ་གོར”ཞེས་པའི་ཟླ་མཆོད་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ནང་། ཆབ་མདོའི་ལས་རིགས་ཁག་གི་འཐུས་མི་ཚོས་གླུ་གཞས་མཉམ་གཏོང་དང་ཞབས་བྲོ་མཉམ་འཁྲབ། དུས་ཆེན་མཉམ་གཏོང་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གླེང་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་གསོ་སྐྱོང་བྱས་ཡོད།