འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གོ་འཇོ་རྫོང“ཤར་རླུང་རྟགས་མའི”དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་པ་རེད། དུས་ཡུན་གཟའ་འཁོར་གཅིག་གི་རིང་། འགྲན་སྡུར་རྣམ་གྲངས་ཁག་བརྒྱད་ལེགས་གྲུབ་བྱུང་ཞིང་།མི1000འགྲན་སྡུར་ནང་ཞུགས་པ་དང་མི4000ལྷག་གིས་ས་གནས་ས་ཐོག་ཏུ་ལྟད་མོ་བལྟས་ཡོད་པ་རེད།

