国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月30日

རང་རེའི་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱེད་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་གཅེས་འདུ་ཤེས་སྔར་ཆེ་རུ་བཏང་ནས་རྒྱལ་སྲུང་ལ་དོ་ཁུར་དང་རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཟླ9པའི་ཚེས22ཉིན་གྱི་སྔ་དྲོར། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་རྒྱལ་སྲུང་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་སྣེ་ཁྲིད་དེ། བཅིངས་འགྲོལ་ཐང་ཆེན་དུ་ཆབ་མདོ་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་“འདུ་ཤེས་གསུམ”བརྟན་པོར་འཛུགས་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་ཐོག་ལས་དོན་མི་སྣས་སྦྱར་ཡིག་འགེལ་བ་དང་། སྒྲོག་འགྲེལ་སློབ་གསོ། དྲིལ་བསྒྲགས་ཡི་གེ་དང་དྲིལ་བསྒྲགས་དངོས་པོ་སྤྲད་པ་སོགས་ཀྱི་ལམ་ནས་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་རྩ་ཁྲིམས་ཁྱབ་གདལ་བཏང་བ་མ་ཟད་རྒྱལ་སྲུང་སྲིད་ཇུས་དང་དམག་དོན་ཚན་རྩལ་ཤེས་བྱ་དེ་བཞིན་རྒྱལ་སྲུང་ལོ་རྒྱུས་དང་། “འདུ་ཤེས་གསུམ”གྱི་ཞིབ་ཕྲའི་ནང་དོན་བཅས་འགྲེལ་བཤད་བསྐྱོན་པ་དང་། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་ཀུན་ལས་ལྷག་པའི་འདུ་ཤེས་དང་བདེ་གནས་ཉེན་ཟོན་གྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ཁྲིད་སྟོན་བྱུང་བ་དང་། དམག་འཁྲུག་དང་ཞི་བདེ། རྒྱལ་སྲུང་དེང་རབས་ཅན་དང་དེ་མིན་འགྱུར་བ་གསུམ། རྒྱལ་ཕྱུག་དང་རྒྱལ་སྟོབས་བཅས་ཀྱི་འབྲེལ་བ་ཡང་དག་པར་ངོས་འཛིན་བྱུང་ཡོད།