国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月26日

གྲོང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། འབྲེལ་ཡོད་སྙན་ཞུར་གྲོས་ཞིབ། གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཡོད།

ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་རྩིས་བཤེར་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དེས། དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རྩིས་བཤེར་ཨུ་ལྷན་དང་རྩིས་བཤེར་ཚན་པས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། “རྒྱལ་ཁབ་ཆེད་དུ་རྩིས་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་བཤེར་བའི”འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པའི་དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས་གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས་ཅེས་བསྟན།