国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月26日

ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《མཛེས་པའི་ཤིན་ཅང》ལ་གཟིགས་པ།

ཝང་ཧུའུ་ཉིང་དང་ཚའེ་ཆི་ལྷན་དུ་ཕེབས་པ།

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་དགོང་མོར། ཝུའུ་ལུའུ་མུའུ་ཆི་རིག་གནས་ལྟེ་གནས་ཀྱི་ཟློས་གར་ཁང་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། འདི་གར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《མཛེས་པའི་ཤིན་ཅང》འཚོག་བཞིན་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

རིག་རྩལ་མཚན་ཚོཌ་གླུ་གར《ང་ཚོ་མཉམ་དུ་ཡོད》ཅེས་པའི་ཁྲོད་འགོ་ཚུགས་པ་དང་ཁྱོན་ལེའུ་3ཡོད། ལེའུ་དང་པོ་དེ《རྒྱལ་ཁའི་གླུ་དབྱངས་ཤིན་ཅང་དུ་གྲགས》དང་། 《ལག་རྔ་བརྡུངས་ནས་གླུ་དབྱངས་ལེན》 《བརྩེ་བས་ཕྱུག་པའི་ལོ་ཟླ》ཞེས་པ་སོགས་ཀྱི་གླུ་གར་བརྒྱུད། ཤིན་ཅང་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཚ་ཚ་འུར་འུར་གྱི་རྣམ་པ་མངོན་པ་དང་། ལེའུ་གཉིས་པ་དེ་ལྗོངས་རྣམ་གླུ་གར《ཐེན་ཧྲན་རི་བོའི་ལྷོ་བྱང》དང་།    

《ཐེན་ཧྲན་རི་བོའི་གསོམ་ཤིང་གི་རྩ་བ་གཅིག་ཏུ་སྦྲེལ》 གླུ་གཞས《སྒྱུར་བཅོས་སྒོ་དབྱེ་ཡ་ཁེ་ཤིས》བཅས་བརྒྱུད།  སྒྱུར་བཅོས་སྒོ་དབྱེ་ལས་ཤིན་ཅང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མཚོན་པ། ལེའུ་གསུམ་པ་དེ《དམིགས་བསལ་གྱི་བྱམས་སྐྱོང》དང་། 《འཕྲེང་སེམས》 《ང་ཡི་བརྩེ་བ་མ་ཡུམ་མེས་རྒྱལ་ལ་འཆང》 《ཐེན་ཧྲན་རི་བོ་སྲུང་སྐྱོང་བྱེད》 《དར་གོས་ལམ་བུར་མེ་ཏོག་བཞད》 《དུས་རབས་ཀྱི་དབྱངས་རྟ》སོགས་ཀྱི་ལེ་ཚན་བརྒྱུད། ཤིན་ཅང་གི་མི་རིགས་ཁག་གི་བུ་ཕྲུག་གིས་སེམས་མཐུན་ཕུགས་འདུན་གཏོད་པའི་དུས་རབས་གསར་པའི་རྣམ་པ་བཟང་པོ་མཚོན་ཡོད། གླུ་གར《མཛེས་པའི་ཤིན་ཅང》ལས་མཚན་ཚོགས་ཀྱི་མཐོ་རླབས་འཕྱུར་བ་རེད། མཚན་ཚོགས་ཀྱི་འགོ་ནས་མཇུག་བར་བརྩེ་བས་ཕྱུག་ཅིང་ལྟད་མོ་ངོ་མཚར་ཆེ་བས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལོ་ངོ་70རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་མངོན་ཡོད་ལ། ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་བཅངས་པའི་དགའ་གུས་ཀྱི་བརྩེ་བ་དང་། ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ། བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགའ་སྤྲོའི་བསམ་པ་བཅས་མཚོན་ཡོད།

ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ཧྲེན་དབྱི་ཆིན། ཝང་ཏུང་ཧྥུང་། ལིའུ་ཀྲེན་ལི་བཅས་དང་། ཤིན་ཅང་དུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་བཅས་ཀྱིས་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།