འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས18ཉིན། གྲོང་ཨུད་ཀྱིས་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་གོསའི་ཕན་འབྲས་ལ་ཕྱོགས་བསྡོམས་བྱས་པ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་སྤེལ་བཏང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་ཆུང་བདག་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། གྲོང་ཁྱེར་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ་རེད།
ཆུང་བདག་གིས་ཆབ་མདོ་གྲོང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནན་ཏན་གྱིས་འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་བ་དང་ཐེངས་བཅོ་ལྔ་བསྟུད་མར་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་ནས་ཆེད་དོན་སློབ་སྦྱོང་བྱས་པ་དང་སློབ་སྦྱོང་སློབ་གསོའི་སྙན་སེང་ལ་གསན་པ་དང་། “དང་པོ་ལྔའི”ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་གོམ་སྟབས་གཅིག་གྱུར་གྱིས་སློབ་སྦྱོང་སློབ་གསོ་སྐུལ་སྤེལ་གཏོང་བར་དཔེ་སྟོན་སྣེ་ཁྲིད་བྱུང་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་གནད་དོན་གྱི་རྩིས་ཁྲ་དང་ཚད་གཞི་ཡང་ཡང་བསྡུར་བ་དང་། མངོན་གསལ་ཆེ་བའི་གནད་དོན་རེ་རེ་བཞིན་ཞིབ་བཤེར། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ཏེ། དག་ཐེར་གྱི་བྱ་ཐབས་བཟོས་པ་དང་། དག་ཐེར་བཅོས་སྐྱོང་ལ་གཏིང་ཟབ་སྐུལ་འདེད་གཏོང་བ། ལམ་ལུགས་དང་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྒྱུར་དང་། སྣང་བརྙན་འཛུགས་པ། དོན་འཁྱོལ་དམ་འཛིན་ཡོང་བར་ཁྲིད་སྟོན་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། ཆབ་མདོ་གྲོང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་ཡིད་ཆེས་དང་ངེས་ཤུགས་ལ་བརྟེན་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། རྒྱུན་བསྲིང་ལྷོད་མེད་ཀྱིས་རྨང་བརྟན་ཟུངས་སྐྱེད་དང་། རྒྱུན་བསྲིང་ལྷོད་མེད་ཀྱིས་དག་ཐེར་སྐུལ་སྤེལ། རྒྱུན་བསྲིང་ལྷོད་མེད་ཀྱིས་དམ་ནན་དམ་བཤེར། རྒྱུན་བསྲིང་ལྷོད་མེད་ཀྱིས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། ཏང་གི་རང་ངོས་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས་ཏང་གི་སྤྱོད་ཚུལ་དེ་མི་སེམས་རྒྱབ་འགལ་དང་འབྲེལ་ཡོད་ལ། ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་ཡོད། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུར་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མུ་མཐུད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་ལ་བརྩིས་ཏེ་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱོད་ཚུལ་ལེགས་པོ་ཐོག་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས་ཅེས་བསྟན།
ཚོགས་འདུ་ཡིས་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པས། ངེས་པར་དུ་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་རྒྱག་པའི་ཆོད་སེམས་ལ་བརྟེན་ནས་སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ཏན་ཏིག་ཕྲག་ཏུ་འཁུར་ཏེ། སྒྲིག་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་འགན་འཁྲི་ཏན་ཏིག་འཁུར་བ། ཏང་ཨུད་ཀྱི་ཧྲུའུ་ཅི(ཏང་ཙུའུ)ཡིས་འགན་འཁུར་བ་དང་པོའི་འགན་འཁྲི་ཡག་པོ་འཁུར་བ། འགོ་ཁྲིད་ཚན་ཁག་དང་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་ཡོད།