འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས19ཉིན། འཇོ་མདའ་རྫོང་གིས“དམར་མདངས་ཆབ་མདོས་ཐོག་མའི་བསམ་འདུན་སྲུང་། མི་རིགས་མཐུན་སྒྲིལ་འབྱུང་འགྱུར་ལམ་དུ་ཕྱོགས”ཅེས་པ་བརྗོད་དོན་གཙོ་བོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྐབས35པ་སྤེལ་བ་རེད།
ཐེངས་འདིའི་བྱེད་སྒོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་དོན་ཚོགས་ཆུང་གི་ཁོངས་མི་ཚན་པས་མཉམ་དུ་དྲིལ་བསྒྲགས་བྱས་པ་ཞིག་ཡིན། ལས་དོན་མི་སྣས་རིན་མེད་ངང་དྲིལ་བསྒྲགས་དཔྱད་ཡིག་དང་དེ་བཞིན་མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོའི་དངོས་པོ2000ཡས་མས་སྤྲད་པ་དང་། ལས་བྱེད་ལས་བཟོ་པས་རང་འགུལ་གྱིས་ཞབས་ཞུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཤེས་བྱ་དང་སྲིད་ཇུས་དུས་ཐོག་ཏུ་མི་རིགས་ཁག་གི་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་དང་། ཚང་མས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བའི་ཁྲོད་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་སྐུལ་སྤེལ་བཏང་སྟེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་པའི”སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།
ཉིན་དེའི་དགོང་མོར། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ཡོད། རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་པའི་འཐུས་མི་དང་མང་ཚོགས་ཀྱི་རིག་རྩལ་ཚོགས་པ་གར་སྟེགས་གཅིག་ཏུ་བུད་དེ། གསོན་ཉམས་ལྡན་པའི་སྒོ་ནས་འཇོ་མདའི་མི་རིགས་ཁག་གི་བུ་ཕྲུག་གི་མཐུན་སྒྲིལ་དམ་ཟབ་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད། འཁྲབ་སྟོན་གྱིས་ཀྲུང་ཧྭའི་ཕུལ་བྱུང་གི་རིག་གནས་རྒྱུད་འཛིན་དང་དར་སྤེལ་བཏང་བ་མ་ཟད། ཏང་གི་གསུང་སྐད་བརྒྱུད་བསྒྲགས་དང་འཇོ་མདའི་གཏམ་རྒྱུད་ཡག་པོ་བཤད་ཡོད།