འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཁྲིམས་སའི་དྲུང་ཡིག་གི་ལས་སྒོའི་རྩལ་ནུས་དང་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་སའི་དྲུང་ཡིག་གི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་གཉེར་ཞིང་། ཁྲིམས་ཁང་ཡོངས་ཀྱི་གདན་བཀོལ་ལམ་ལུགས་ཀྱི་ཁྲིམས་སའི་དྲུང་ཡིག་འགྲན་བསྡུར་ལ་ཞུགས་པ་རེད། ད་ཐེངས་འགྲན་བསྡུར་གྱིས“དངོས་འཐབ་དང་། དངོས་སྤྱོད། དངོས་ཕན”བཅས་ཀྱི་ཕྱོགས་སྟོན་མངོན་གསལ་དོད་དུ་བཏང་ནས་ལས་གནས་ཕྱོགས་བསྡུས་ཤེས་བྱ་དང་ཁྲིམས་སའི་མྱུར་འགོད་རྩལ་ནུས་ཀྱི་རྣམ་གྲངས་གཉིས་བཀོད་སྒྲིག་བྱས་པ་དང་། རྣམ་གྲངས་ཚང་མར་དངོས་འཐབ་ཅན་གྱི་ལད་ཟློས་བྱེད་སྟངས་སྤྱད་ནས་སྤེལ་ཏེ་ཁྲིམས་སའི་དྲུང་ཡིག་གི་ལས་སྒོའི་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པ་རེད།