国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月23日

ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེད་དོན་བྱ་སྤྱོད་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་ཡོངས་ཀྱིས་དཔྱད་མཚམས་དང་བཀའ་བཅད་རྩ་བ་ནས་ལག་བསྟར་མི་བྱེད་པ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་གཅིག་སྡུད་ཐོག་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་མདོ་གྲོང་ཁྱེར་གྱི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་སྡེ་ཚན་གསུམ་གྱིས་ད་རེས་ཀྱི་ཆེད་དོན་བྱ་སྤྱོད་ཉིད་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་གྱོད་སྒྲུབ་ཀྱི་ཚད་གཞི་སྔར་བས་གཅིག་གྱུར་བཟོ་བ་དང་། རོགས་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། འགག་སྒྲོལ་ལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། གོ་ཆོད་པའི་དཔྱད་མཚམས་དང་བཀའ་བཅད་སོགས་ལག་བསྟར་རྩ་བ་ནས་མི་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་པ། བཅའ་ཁྲིམས་ཀྱི་ཟིལ་ཤུགས་དང་ཁྲིམས་འཛིན་གྱི་དབང་གྲགས་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱ་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་དང་ཟོལ་མེད་ཡིད་རྟོན་གྱི་སྤྱི་ཚོགས་ཀྱི་གོམས་སྲོལ་གཏོད་དགོས།