国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月23日

ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པའི་ཚོང་འགུགས་མ་འདྲེན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཁྱོན་བསྡོམས་རྣམ་གྲངས་17ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་27.92ཟིན་པ།

འདི་ནི་འགྲེམས་འཚོང་བྱེད་སྒོའི་ཡུལ་དངོས་སུ། གྲོང་མིས་ཤིང་ཕོར་ལ་རྒྱུས་ལོན་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པའི་ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། ཁྱོན་བསྡོམས་རྣམ་གྲངས་17ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་27.92ཟིན་ཡོད།

ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྔ་རྗེས་སུ་པེ་ཅིང་ཅིན་ཏུང་དུས་རབས་ཚོང་དོན་ཚད་ཡོད་ཀུང་སི་དང《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་དང་། ཀོང་ཏུང་ཞིང་ཆེན་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་སི་དང《ནུས་རྒྱུ་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པ། དེ་བཞིན་སྤྲིན་ཚོམ་ཡུལ་སྐོར་ལས་དོན་ཁང་དང་། དཔའ་ཤོད་ཨར་འདམ་ཨར་སྐྲུན་རྒྱུ་ཆ་ཐོན་ལས་གླིང་། སྨར་ཁམས་རྫོང་སྒར་ཐོག་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་གསར་སྤེལ་སོགས་ཁྱོན་བསྡོམས་རྣམ་གྲངས་17ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་27.92ཟིན་ཡོད། རྣམ་གྲངས་ལ་གན་རྒྱ་བཞག་པ་དེས་ཆབ་མདོའི་ཐོན་ལས་རིམ་སྤོར་དང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་། ཁ་གསབ་དང་རྒྱ་སྐྱེད་བཅས་གཏོང་བར་རྨང་གཞི་སྔར་བས་བརྟན་པོ་བཏིང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་སྣོན་ངེས་རེད།