འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས18ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་བཅས་ཀྱི་ཚོགས་འདུ་དང་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་ལས་དོན་དང་། གྲོང་གསེབ་དར་རྒྱས་ལས་དོན་གྱི་སྙན་སེང་ལ་གསན་པ། ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད།
ལའོ་ཆིན་འུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་ལ་གཟིགས་རྒྱང་རིང་ཞིང་དགོངས་པ་གཏིང་ཟབ་པ་དང་། ཆབ་མདོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་ཁྲིད་གནང་ཡོད་པས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་འགོག་སེལ་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱེད་དགོས། སློབ་གསོ་དང་སྨན་བཅོས་སྒྱུར་བཅོས་མཐོར་འདེགས་ལ་གོ་རིམ་ལྡན་པས་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཐུན་མོང་གི་ལས་ཞུགས་འབབ་འཕར་ལ་སྐུལ་སྤེལ། བོད་སྐྱོར་མ་དངུལ་ཚད་ལྡན་དང་ཕན་འབྲས་ཆེ་ཤོས་ཀྱི་སྒོ་ནས་བཀོལ་སྤྱོད་བཅས་བྱེད་དགོས། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཁག་དབྱེ་དང་རིགས་དབྱེའི་སྒོ་ནས་གྲོང་ཁྱེར་ཞིབ་ཕྲ་ཅན་གྱི་དོ་དམ་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་སྒྲིག་བསྟར་གྱི་འགན་འཁྲི་རྩད་གཅོད་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཇེ་མཐོར་གཏོང་དགོས་པའི་ནན་བཤད་གནང་ཡོད།