རྟེན་འབྲེལ་འཕྲིན་ཡིག
ཀྲུང་གོ་ཀྲི་ཀུང་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་མཚམས་སུ། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་ཆབས་ཅིག ཀྲི་ཀུང་ཏང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་གི་ཡིན།
རང་རྒྱལ་གྱི་དབུ་བརྙེས་སྔ་ཤོས་ཀྱི་དམངས་གཙོའི་ཏང་ཤོག་ཡིན་པའི་ཀྲི་ཀུང་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་གཏད་བྱས་ཏེ། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་ཐོག སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་འབད་བརྩོན་བྱས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་དང་རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་ལྡན་པ་ཡོང་ཕྱིར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ། “སྤྱི་དམངས་ཆེད་དུ་འབད་བརྩོན་བྱེད། ཕྱིར་སྡོད་རང་མིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི”གཟི་བརྗིད་ལྡན་པའི་ལོ་རྒྱུས་བརྩམས་ཡོད། རྒྱང་ལམ་གསར་པར་ཀྲི་ཀུང་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་། སྲོལ་རྒྱུན་བཟང་པོ་དར་སྤེལ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་འགན་གཙང་སྒྲུབ་ནན་ཏན་བཅས་བྱས་ནས་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི། ཕྱི་སྦྱོང་སློབ་མ་བཅས་ལ་མཐུན་སྒྲིལ་རྒྱ་ཁྱབ་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཞབས་འདེགས་ཧུར་ཐག་ཞུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་ནས།
2025ལོའི་ཟླ་9ཚེས་19ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་འབྱོར་བའི་གློག་འཕྲིན)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཀྲི་ཀུང་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། ཀྲི་ཀུང་ཏང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། རང་རྒྱལ་གྱི་དབུ་བརྙེས་སྔ་ཤོས་ཀྱི་དམངས་གཙོའི་ཏང་ཤོག་ཡིན་པའི་ཀྲི་ཀུང་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་གཏད་བྱས་ཏེ། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་ཐོག སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་འབད་བརྩོན་བྱས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་དང་རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་ལྡན་པ་ཡོང་ཕྱིར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ། “སྤྱི་དམངས་ཆེད་དུ་འབད་བརྩོན་བྱེད། ཕྱིར་སྡོད་རང་མིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི”གཟི་བརྗིད་ལྡན་པའི་ལོ་རྒྱུས་བརྩམས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་ཀྲི་ཀུང་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་། སྲོལ་རྒྱུན་བཟང་པོ་དར་སྤེལ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་འགན་གཙང་སྒྲུབ་ནན་ཏན་བཅས་བྱས་ནས་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི། ཕྱི་སྦྱོང་སློབ་མ་བཅས་ལ་མཐུན་སྒྲིལ་རྒྱ་ཁྱབ་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཞབས་འདེགས་ཧུར་ཐག་ཞུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། (རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་བཀོད་ཡོད)
ཚེས་19ཉིན། ཀྲུང་གོ་ཀྲི་ཀུང་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཀྲི་ཀུང་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ལོ་ངོ་100ཡི་རིང་ཀྲི་ཀུང་ཏང་གིས་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྒྱང་ལམ་གསར་པར་ཀྲི་ཀུང་ཏང་གིས་སྲིད་ཞུགས་ཏང་གི་འགན་ནུས་དེ་བས་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་བ་དང་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་པ་དང་། དེས་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་ཚང་ཡག་པོ་བཅས་བྱས་ནས། དུས་རབས་གསར་པའི་ཏང་མང་མཉམ་ལས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་ཀྲི་ཀུང་ཏང་དབུ་བརྙེས་ནས་ལོ་ངོ་100ཡི་རིང་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལས་དབང་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཟུང་འབྲེལ་དམ་ཟབ་བྱས་ཏེ“སྤྱི་དམངས་ཀྱི་ཆེད་དུ་གཞོལ། ཕྱིར་སྡོད་རང་མིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི”གཟི་བརྗིད་ལྡན་པའི་ལོ་རྒྱུས་བརྩམས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲི་ཀུང་ཏང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་རྒྱ་ཁྱབ་བྱ་རྒྱུའི་རེ་བ་ཡོད། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་རྒྱུན་འཁྱོངས་ལྷོད་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཡོངས་བསམ་བཀོད་ཀྱིས་རང་འགན་གཙང་སྒྲུབ་ཐུབ་པར་བྱས་ཏེ་སྲིད་ཞུགས་སྲིད་གླེང་བྱེད་སྐབས་མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་དང་། དམངས་གཙོའི་ལྟ་སྐུལ་བྱེད་སྐབས་ལྕག་འདེབས་ཀྱི་གྲོས་འགོ་འདོན་པ། སྲིད་ཏང་གྲོས་མོལ་བྱེད་སྐབས་ཇུས་བཟང་འདོན་པ་བཅས་བྱས་ནས། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྱད་ལྡན་ལེགས་ཆ་གང་ལེགས་བཏོན་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་པར་རམ་འདེགས་བྱས་ནས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཞབས་འདེགས་ཞུ་བ་དང་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་གཏོད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་དགོས། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བྱང་ཚད་མཐོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན་གྱིས་ཤིས་ཚིག་བསྒྲོན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ་དང་རྒྱལ་ཡོངས་སྲིད་གྲོས་ཀང་ཨའོ་ཐའེ་ཡི་ཕྱིར་སྡོད་རང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཡིའུ་ཧྲེང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་ཚན་པ་བཅས་ཀྱི་ཚབ་ཞུས་ནས་སྔ་རྗེས་སུ་ཤིས་ཚིག་བསྒྲོན་པ་རེད། ཕྱིར་སྡོད་སྤུན་ཟླ་དང་། ཀང་ཨའོ་ཐའེ་ཡི་སྤུན་ཟླའི་འཐུས་མི། ཀྲི་ཀུང་ཏང་གི་ཏང་ཡོན་གྱི་འཐུས་མི་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མུའུ་ཧུང་ཚོགས་ཆེན་ལ་ཞུགས་པ་རེད།
ཀྲི་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲང་ཨེན་ཏིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་དང་། ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་ཚན་པ། འབྲེལ་ཡོད་མི་དམངས་ཚོགས་པ་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཀྲི་ཀུང་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེ་སྔའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཀྲི་ཀུང་ཏང་གི་ཀྲུང་དབྱང་ཨུ་ཡོན་དང་། ཏང་ཡོན་གྱི་འཐུས་མི། ཕྱིར་སྡོད་སྤུན་ཟླ་དང་ཀང་ཨའོ་ཐའེ་ཡི་སྤུན་ཟླའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་པ་རེད།