国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年09月03日

ཀྲོང་ཅིན་སུང་གིས་ཁྲེན་ཡུང་ཧུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས15ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཧྭ་རོན་གློག་ཤུགས་ཀྲུང་གོའི་ཧྭ་ཀྲུང་ས་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་། སི་ཁྲོན་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཁྲེན་ཡུང་ཧུང་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་ཁྲེན་ཡུང་ཧུང་དང་བཅས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་སའི་ཡུལ་ཡིན་ལ། བོད་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཀྱི་སྦྲེལ་མཚམས་ཀྱི་འགག་སྒོ་དང་། ཐོན་ཁུངས་མང་འདུས་ཀྱི“གཙང་གསུམ་ནོར་བུའི་ས་ཆ”ཡང་ཡིན་པས། ཐུན་མོང་མ་ཡིན་པའི་ས་ཁོངས་དང་ཐོན་ཁུངས་ལྷན་ནུས་ནི་ཆབ་མདོ་འདི་ཉིད་འཕེལ་རྒྱས་འགྲོ་བར་ཕན་ཁེ་ཡོད་པའི་ཆ་རྐྱེན་ཞིག་ཡིན། ནུས་རྒྱུ་གཙང་མའི་ཐོན་ལས་ནི་དམར་མདངས་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམར་མདངས་ཧྭ་རོན་སྣ་མང་ཅན་ཐོན་ལས་བཀོད་སྒྲིག་གཏོང་བར་འཕྲོད་གནས་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་པར་དུས་དང་མཐུན་ཞིང་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ཡོད། ཧྭ་རོན་གློག་ཤུགས་ཀྲུང་གོའི་ཧྭ་ཀྲུང་ས་ཁུལ་དང་དེ་བཞིན་སི་ཁྲོན་ཀུང་ཟི་ཡིས་སྔོན་མ་ནང་བཞིན་ཆབ་མདོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཆབ་མདོ་དང་ལག་གདང་སྦྲེལ་ཏེ་ནུས་རྒྱུ་གཙང་མ་གསར་སྤེལ་དང་། གྲོང་ཁྱེར་གྱི་རྒྱུ་སྤུས་མཐོར་འདེགས། ཐོན་ལས་རིམ་སྤར་སོགས་ཀྱི་ཐད་ལ་མཉམ་ལས་གཏིང་ཟབ་བྱས་ནས་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་གཏོད་དེ། གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཁྲེན་ཡུང་ཧུང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་ཅིང་ཐུན་མོང་གི་དགེ་མཚན་ཉིན་བཞིན་མངོན་གསལ་དོད་པོ་འདུག་པས་ཁེ་ལས་ཆབ་མདོར་འཕེལ་རྒྱས་འགྲོ་བར་ནུས་པ་ཆེན་པོ་ལྡན་ཡོད། ཀུང་ཟི་ཡིས“སྲིད་གཞུང་གི་དགོས་མཁོ་དང་། ཧྭ་རོན་གྱི་ཅི་ནུས”རྩ་དོན་རྒྱུད་འཛིན་བྱས་ཏེ། ཆབ་མདོའི་འཐབ་ཇུས་མཉམ་ལས་དང་སྔར་བས་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་ཐོན་ལས་སྒྲིག་བཀོད་ལ་ཤུགས་སྣོན། མཉམ་ལས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།

ཧྲེ་ཀྲང་གཞོན་པ་ཀའོ་ཞུའེ་ཏུང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།