དམག་སྡེ་བཅོ་བརྒྱད་པ་འབྲི་ཆུ་བརྒལ་བ་ནས་བོད་ཤར་ས་གཞིའི་ཡར་ལངས་ཞིང་བྲན་བར་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བསྐྲུན་པ་ནས་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་བར། གཙང་གསུམ་གྱི་ས་གཞི་རེ་རེ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྔུལ་ཁྲག་གིས་སིམ་ཡོད་ལ། ལུང་པ་རེ་རེ་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཡིས་ཁྱབ་ནས་ཡོད།
འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོར“བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་ཨང་དང་པོ”ཞེས་པའི་མཚན་སྙན་ཐོབ་ཡོད། ལོ70ཡི་གོང་དུ་འབྲི་ཆུའི་རྒྱུད་དུ་བོད་ཞི་བས་བཅིངས་གྲོལ་གཏོང་བའི་མེ་མདའ་ཐོག་མ་བརྒྱབ་པ་དང་འགྲོགས་ནས། སྐར་ལྔའི་དར་དམར་དགུང་དུ་འཕྱར་ནས་ཆབ་མདོར་བཅིངས་འགྲོལ་བཏང་། བཅིངས་གྲོལ་དམག་གིས་བོད་ལྗོངས་ཀྱི་དུས་ཡུན་རིང་པོར་སྒོ་བརྒྱབ་ནས་ལུས་པའི་ས་ཆེའི་སྒོ་མོ་ཕྱེ་ལ། བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་བས། དཔལ་འབྱོར་དང་རིག་གནས་ལ་གནམ་ས་བླ་འོག་ཏུ་འགྱུར་འདྲའི་འགྱུར་ལྡོག་བྱུང་ཞིང་ཡུལ་མི་ཚོ་བདེ་སྐྱིད་འཚོ་བ་རོལ་འགོ་བརྩམས།
ལོ་70ཡི་གོང་གི་སྐམ་ཐོག་གྲོང་ཚོ་ནི་བོད་ལྗོངས་ཀྱི་ས་ཆ་གཞན་དང་འདྲ་བར་མང་ཚོགས་རྣམས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད།
དཀའ་སྡུག་ཆེ་བའི་འཚོ་བར་ཕྱིར་དྲན་བྱེད་དུས། རྒན་པོ་ཕུར་པ་ཡིས“ང་ཚོས་མངའ་བདག་གི་ཁྱིམ་ལ་ཁྲལ་རྫོགས་རྒྱུ་མེད་པ་ཞིག་རྒྱུག་དགོས་ཀྱི་ཡོད་པས་ལྟོ་གོས་གཉིས་འཛོམས་ཡོང་བ་ནི་སྟོང་བསམ་ཞིག་རང་རེད། དེ་གར་བཅའ་སྡོད་བོད་དམག་གིས་རྟག་ཏུ་གྲོང་མིར་བརྙས་བཅོས་བྱེད་ཀྱི་ཡོད”སྐབས་དེར་བཅིངས་འགྲོལ་དམག་མི་མཐོང་དུས་ཕུར་པ་ལོ7ཡིན་པ་རེད།
བཅིངས་འགྲོལ་དམག་མི་བརྒྱུད། ཕུར་པ་དང་གྲོང་མི་ཚོས་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་ཐུབ་པ་དང་སྐར་ལྔའི་དར་དམར་མཐོང་ཐུབ་པ་རེད། དུས་དེ་ནས་བཟུང་གསར་བརྗེའི་ས་བོན་སེམས་སུ་རྩ་བ་ཚུགས་ནས་མྱུ་གུ་འབུས།
ད་ལོར་དགུང་ལོ70སླེབས་པའི་བགྲེས་སོང་རྡོ་དགའ་ཡིས“དུས་ཆེན་གལ་ཆེན་འཆར་རིམ་བཞིན་སྐམ་ཐོག་གྲོང་ཚོའི་དུད་ཚང་ཚང་མས་རང་འགུལ་ངང་ཐོག་ཁའི་སྐར་ལྔའི་དར་དམར་གསར་རྐྱང་བརྗེས་ནས་ཏང་གི་བཀའ་དྲིན་ཚོར་ལུགས་དང་མེས་རྒྱལ་ལ་དགའ་ཞེན་བཅངས་ལུགས་མཚོན་པར་བྱེད་ཀྱི་ཡོད”ཅེས་མེ་ཏོག་ལ་ཆུ་བླུགས་ཞོར་དུ་གད་མོ་དགོད་བཞིན་བཤད།
སྐམ་ཐོག་གྲོང་ཚོའི་ལོ་རྒྱུས་ནི་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་པའི་ལོ་རྒྱུས་དང་། མི་རིགས་ཁག་གི་མཐུན་སྒྲིལ་གྱི་ལོ་རྒྱུས། བོད་ཤར་ས་གཞི་ཆེ་མོའི་དར་རྒྱས་གོང་འཕེལ་གྱི་འབད་འཐབ་ལོ་རྒྱུས། གསར་བརྗེའི་ས་བོན་རྩ་བ་ཚུགས་ནས་མྱུ་གུ་འབུས་པའི་རྒྱུད་འཛིན་གྱི་ལོ་རྒྱུས་ཅིག་ཡིན། ལོ་རེའི་ཟླ3པའི་ཚེས28ཉིན་གྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་དམིགས་བསལ་གྱི་ཉིན་མོ་འདིར། 1959ལོར་བཙུགས་པའི་སྐམ་ཐོག་གྲོང་རྡལ་སློབ་ཆུང་གཉིས་པའི་ནང་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཕྲུ་གུ་ཚོར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ལོ་ཟླ་བརྗེད་མི་ཉན་པའི་སློབ་གསོ་གཏོང་གིན་ཡོད་པ་རེད།
གྲོང་གསེབ་ཀྱི་གསར་བརྗེའི་གནས་རྙིང་ནས་གྲོང་ཁྱེར་གྱི་སྙིང་སྟོབས་གནས་རྟགས་བར་དུ། ཆབ་མདོའི་གསར་བརྗེའི་རྒྱུད་འཛིན་ནམ་ཡང་ཆད་མ་མྱོང་།
2016ལོའི་ཟླ8པར། ཆབ་མདོའི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་དང་། སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ11000ཟིན་པ། འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2100ལྷག་ཡོད། དེའི་ནང་2019ལོར་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་མཚན་སྙན་ཐོབ་པའི་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་གནས་རྙིང་དང་། དམག་དཔོན་ཐོག་ཁང་། ཆབ་མདོ་བཅིངས་འགྲོལ་གསར་བརྗེའི་རིག་གནས་ཁང་། ཚོགས་ཁང་ཆུང་བ་བཅས་ཡོད།