国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月08日

དཔལ་འབར་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་སྒྲིག་འཛུགས་བྱས་ཏེ་ཁྲེན་ཏུའུ་བསྐྱོད་དེ་སྤེལ་རེས་སློབ་སྦྱོང་བྱས་པ།

སློབ་གཉེར་བ་ཚོས་ས་གནས་ས་ཐོག་གི་སློབ་ཁྲིད་ལ་ཉན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་འགོ་ཚུགས་པའི་ཚུན་དུ། དཔལ་འབར་རྫོང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། གསར་འབྱེད་ཡར་བརྩོན་བྱས་ཏེ། བྱེད་སྒོ་ལས་འཇོན་ཐང་ཆེ་རུ་གཏོང་བ་དང་། ཉམས་འགྱུར་ངོམས་པ། གྲུབ་འབྲས་གཏོད་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་གི་མིག་དཔེའི་ཚད་ཤིང་བཙུགས་ཡོད། འགྲན་སྡུར་དེ་གྲུབ་འབྲས་ཅན་དུ་མགྱོགས་མྱུར་ངང་བསྒྱུར་ཆེད། དཔལ་འབར་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ། ཤེས་ལྡན་པའི་མཛོད་འཛུགས་སྐྲུན་ནས་གསབ་སྦྱོང་མཛུབ་ཁྲིད་དང་། དཔེ་སྟོན་སྣེ་ཁྲིད་ནས་ལས་སྒྱུར་ལས་ཞུགས་བར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

བྱ་དགའ་ཐོབ་མཁན་གྱི་ལྟ་རྒྱ་སྔར་བས་ཆེ་རུ་བཏང་ནས་ཕྱུག་འགྱུར་འབབ་འཕར་གྱི་འཇོན་ཐང་དང་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་མཐོར་འདེགས་གཏོང་ཆེད། ཉེ་ཆར། དཔལ་འབར་རྫོང་གིས་བྱེད་སྒོ་དེ་གའི་ཁྲོད་བྱ་དགའ་ཐོབ་མཁན18སྒྲིག་འཛུགས་བྱས་ཏེ་ཁྲེན་ཏུའུ་བསྐྱོད་དེ་སྤེལ་རེས་དང་སློབ་སྦྱོང་བྱས་ཡོད།

ས་གནས་ས་ཐོག་ཏུ་སློབ་སྦྱོང་དང་། ཡུལ་དངོས་སུ་རྟོག་ཞིབ། བཞུགས་མོལ་སྤེལ་རེས་སོགས་ཀྱི་ལམ་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་། ཁྱད་ལྡན་ཐོན་ལས་གསོ་སྤེལ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བཞིན་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གསར་གཏོད་འདུ་ཤེས་དང་ལེགས་གྲུབ་ཉམས་མྱོང་ལ་སློབ་སྦྱོང་བྱས་ཡོད།

ཐེངས་འདིའི་སྤེལ་རེས་དང་སློབ་སྦྱོང་གིས་དཔལ་འབར་རྫོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྩལ་བ་དང་། སློབ་གཉེར་བ་ཚོའི་ལས་གཏོད་སྤྲོ་སེམས་སྔར་བས་སྐུལ་སློང་ཐེབས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་རྨང་གཞི་བརྟན་པོ་བཏིང་བ་དང་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)