国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月08日

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས“ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར”དམིགས་ཏེ་གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དང་། ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་ཅོན་དང་། ཀྲང་ཝུན་ལི་ཚོགས་འདུ་ཞུགས་ཡོད། ཀྲུའུ་ཞི་གཞོན་པ་ཐུབ་དགའ་ཟུར་ཞུགས་བྱས་ཡོད།

ཚོགས་འདུའི་ཐོག་འབྲེལ་ཡོད་བློ་མཐུན་གྱིས“ཚན་རིག་གི་ནང་དོན”དང་། “བོད་ལྗོངས་འཛུགས་སྐྲུན་བྱེད་པའི་འགྲན་རྩོད”“འཐབ་ཇུས་བཀོད་སྒྲིག”བཅས་ཕྱོགས་གསུམ་གྱི་ཐད་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་ཕྱོགས་ཡོངས་ནས་གསལ་འགྲེལ་གཏིང་ཟབ་བྱས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)