国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月08日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི2025ལོའི་ལོ་འཁོར་གྱི(རྒྱ་ཆེ)ཡི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ལའོ་ཆིན་འུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།“འགྱུར་བ་གསུམ”གྱི་འཕེལ་རྒྱས་ངེས་གནས་ལ་གཞི་ཚུགས་པ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན”རྒྱུའི་ལས་དོན་དམིགས་ཚད་ལ་དམ་པོར་དམིགས་ཏེ། ལས་དོན་གྱི་མ་ལག་རང་བཞིན་དང་། རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་ཚད་ལས་འགན་གཏན་འཁེལ་བྱེད་པ་དང་། དངོས་ཡོད་ཀྱིས་བསམ་ཕྱོགས་བྱ་ཐབས་འདོན་པ། སྤུས་ཚད་མཐོ་པོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་གཞི་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཐེངས་འདིའི་སློབ་སྦྱོང་སློབ་གསོ་འགག་རྩར་བཟུང་ནས་གྲི་ཁ་ནང་ལ་གཏོད་ཕོད་པར་མཐའ་འཁྱོངས་དང་ཐད་ཀར་གནད་དོན་བྱེད་ཕོད་པ། ཕྱོགས་ཡོངས་ནས་རང་བཤེར་རང་བཅོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ། ཏན་ཏིག་ངང་གནད་དོན་དག་ཐེར་དམིགས་སུ་སླེབས་པ་བྱ་རྒྱུའི་བླང་བྱ་བཏོན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)