国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月08日

ཆབ་མདོ་གྲོང་ཁྱེར་གྱི“བློ་བདེ”འདུ་འགོད་སྤེལ་མགོ་ཚུགས་པ།

ལས་ཞུགས་བརྟན་པོ་བྱུང་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས5ཉིན། ཆབ་མདོ་གྲོང་ཁྱེར་གྱི་ལས་ཞུགས་བརྟན་པོ་བྱུང་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང“བློ་བདེའི”འདུ་འགོད་དེ་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སྙན་ཞུའི་ཚོམས་ཆེན་དུ་དངོས་སུ་སྤེལ་འགོ་ཚུགས། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཟླ་བ་གསུམ་ཡིན་ཞིང་། 2019ལོ་ནས2024ལོའི་བར་ལས་ཞུགས་བརྟན་པོ་བྱུང་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ཤིང་། དེའི་དམིགས་ཡུལ་ནི་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ་བརྒྱུད། ཁོ་ཚོའི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་ལས་ཞུགས་བརྟན་པོ་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་དེ་རེད།

སློབ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་དང་ལས་ཞུགས་བརྟན་པོ་བྱུང་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ནས་ཡིན་པའི་བཀྲ་རྒྱལ་ནི2021ལོར་སློབ་གྲྭ་ཆེན་མོ་ཐོན་པའི་མཐོ་སློབ་སློབ་མ་ཞིག་ཡིན་པ་དང་། དེ་སྔོན་ལས་ཀ་བརྟན་པོ་ཞིག་རག་མེད་པས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ལས་ཁོང་ལ་རེ་བ་གསར་པ་ཞིག་ཐོབ་ཡོད་པ་རེད།

གསར་འགོད་པས་ས་ཡུལ་དངོས་ནས་ཤེས་རྟོགས་བྱས་པར་གཞིགས་ན།“བློ་བདེ”འདུ་འགོད་ཀྱི་གསོ་སྦྱོང་དགེ་རྒན་གྱི་དཔུང་སྟོབས་ཆེ་རུ་ཕྱིན་པ་སྟེ། བཅའ་ཁྲིམས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་མང་པོའི་ཆེད་ལས་དགེ་རྒན་གཅིག་ཏུ་བསྡུས་ནས་ཆེད་ལས་ཤེས་བྱར་མཁས་ཤིང་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་ཚོགས་པ་ཞིག་བཙུགས་པ་རེད།