国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月08日

སྨར་ཁམས་རྫོང་སྟར་ཁ་སྟེང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས།

ལུང་གཞུང་གི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

སྟར་ཁ་སྟེང་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ས་མེད་འདེབས་ལས་རྩྭ་ལ་ལྟ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་གྲུ་པ་རོང་ཤང་སྟར་ཁ་སྟེང་གྲོང་ཚོར་བཅའ་སྡོད་བྱས་ཚུན་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། ལུང་གཞུང་གི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཐབས་ལམ་གསར་པ་རིམ་བཞིན་འཚོལ་ཞིབ་བྱས་ནས་སྟར་ཁ་སྟེང་གྲོང་ཚོའི་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་དང་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

སྟར་ཁ་སྟེང་གྲོང་ཚོ་ནི་འབྲི་ཆུའི་ལུང་གཞུང་དུ་གནས་ཤིང་། རང་བྱུང་ཆ་རྐྱེན་ཞན་པས་སྲོལ་རྒྱུན་གྱི་ཞིང་ལས་འཕེལ་རྒྱས་ལ་ཚད་བཀག་ཐེབས་ནས་གྲོང་མིའི་འབབ་ཁུངས་མང་པོ་མེད་ལ་མཉམ་སྡེབ་དཔལ་འབྱོར་ཡང་ཞན་པོ་ཡོད། དཀའ་ངལ་དེ་དག་ལ་དམིགས་ནས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་པ་དང་། གྲངས་གཞིར་ལྟ་ཞིབ་བྱེད་པ། ས་གནས་ས་ཐོག་ཏུ་འདྲི་རྟོག་བྱེད་པ། ཁྲོམ་རར་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། “ཚན་རྩལ་ལ་བརྟེན་ནས་ཕན་འབྲས་མངོན་པ་དང་སྒྲིག་བཀོད་ལ་བརྟེན་ནས་ཐབས་ལམ་འཚོལ་བའི”བསམ་ཕྱོགས་བཏོན་ཡོད། ཁོང་ཚོས་ས་མེད་འདེབས་གསོའི་ལག་རྩལ་གསར་གཏོད་ནང་འདྲེན་བྱེད་པ་དང་། རྨང་བརྟན་དམངས་ཕན་གྱི་མ་དངུལ་བསྡུ་སྒྲིལ་བྱེད་པ། རྫོང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་རྣམ་གྲངས་མ་དངུལ་གྲབས་གསོག་བྱེད་པ་བཅས་བྱས་ཏེ། ས་མེད་འདེབས་གསོའི་དྲོད་ཁང་ཆེན་པོའི་དཔེ་སྟོན་ས་ཚིགས་བཙུགས་ཡོད། བྱེད་ཐབས་དེ་ལས་གྲོང་མིའི་མིག་རྒྱང་ཡངས་སུ་ཕྱིན་ནས་ལུང་གཞུང་གི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་པར་ཐབས་ལམ་གསར་པ་འཚོལ་ཞིབ་ཐུབ་ཡོད།

ད་ཆ་དྲོད་ཁང་ནང་གི་ལོ་ཏོག་སྐྱེ་འཚར་ཡག་ཅིང་ཐོན་འབབ་ཡང་མང་དུ་ཕྱིན་སྟེ། མང་ཚོགས་ལ་ཡུན་རིང་གི་ལས་ཞུགས་ལས་གནས་མཁོ་འདོན་ཐུབ་ནས་ངལ་ནུས་ལྷག་མའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། མཐའ་འཁོར་གྲོང་ཚོ(གྲོང་ལྷན)རྣམས་ལྟ་སྐོར་སློབ་སྦྱོང་བྱེད་པར་ཡོང་བའི་ཡིད་དབང་ཡང་བཀུག་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

གྲོང་སྡོད་ལས་དོན་རུ་ཁག་གྲོང་ཚོའི་གང་སར་བསྐྱོད་ནས་ལྷག་བསམ་ཟོལ་མེད་ཀྱིས་དམངས་ཀྱི་སྐད་སྒྲ་ཉན་པ་དང་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱིས་བྱ་བ་དངོས་བསྒྲུབས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་ལག་ལེན་བསྟར་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་འཚོལ་ཞིབ་ཟམ་མི་ཆད་པར་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་བྱེད་ཐབས་གསར་པ་བཏོན་པ་མ་ཟད། ཕན་འབྲས་གསར་པ་ཐོན་ནས་རྣམ་པ་གསར་པའང་མངོན་ཡོད།