འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས1ཉིན། རང་རེའི་གྲོང་ཁྱེར་གྱི2025ལོའི་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་གྱི་གསབ་སྦྱོང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་ནི་དུས་ཡུན་ཉིན་གསུམ་ཡིན་ལ། དེའི་རིང་ལ་གྲོས་གཞི་རྩོམ་འབྲི་དང་། གྲོས་གཞི་ལས་དོན་སྲོལ་ཡིག་གསལ་འགྲེལ་སོགས་ཀྱི་སློབ་ཚན་འཚོགས་རྒྱུ་ཡིན་པ་རེད། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)