国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年07月04日

རང་རེའི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་ཚན་པ་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུས་པ།

ཐོག་མའི་བསམ་འདུན་མ་བརྗེད་འགན་འཁྲི་འཁུར། འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་བསྐྱོད།

ཟླ7པའི་ཚེས1ཉིན། སྟེང་ཆེན་རྫོང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུས་པ་རེད། པར་འདི་ནི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་སུ། རང་རེའི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་ཚན་པ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས་ཏང་གི་འཁྲུངས་སྐར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་ཟབ་མོ་བྱེད་པ། ཏང་གི་མཛད་རྗེས་རླབས་པོ་ཆེར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་འབུལ་བ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་རབས་གསར་པའི་རྒྱང་ལམ་གསར་པར་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱས་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གསར་བརྗེའི་རིག་གནས་ཀྱི་བློ་སྦྱོང་བསླབ་སྐྱོང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་ཆེད། ཟླ6པའི་ཚེས30ཉིན། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཐེན་ཅིན་གྱི“ཐེན་ཅིན་སེ་འབྲུ”ནུབ་རྒྱུད་སློབ་སྐྱོར་ཚོགས་པའི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་དང་མཉམ་འབྲེལ་བྱས་ཏེ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་ལྔ་པའི་སྙན་ཞུའི་ཚོམས་ཆེན་དུ“གངས་རིའི་སེམས་ཀྱིས་ཏང་གི་བླ་སྲོག་གཏོད། འགན་འཁྲི་མདུན་སྐྱོད་ལེའུ་གསར་པ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“བདུན་གཅིག”ཏང་འཛུགས་དུས་ཆེན་གྱི་གསར་བརྗེའི་བསམ་བློ་ཆབ་སྲིད་བརྗོད་དོན་གཙོ་བོའི་རོལ་དབྱངས་ཚོགས་འདུ་འཚོགས་ཡོད།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་དང་། ལས་བྱེད་ལས་བཟོ་བ་དང་ལས་འཁྱུར་ལས་བཟོ་པའི་འཐུས་མི་ལྷན་གཅིག་ཏུ་འཛོམས་ཏེ་ཐུན་མོང་ཐོག་ཏང་ཡོན་ལས་བྱེད་པ་དང་ལས་བཟོས་དུས་རབས་ཕྱེད་ཀ་ཙམ་གྲོང་མིའི་བདེ་ཐང་སྲུང་སྐྱོང་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ཟླར་རྗེས་དྲན་བྱས་ནས། གངས་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན་པའི་དམ་བཅའ་བཞག་པ་རེད།

ཟླ7པའི་ཚེས1ཉིན། སྟེང་ཆེན་རྫོང་གིས་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། མཛོ་སྒང་རྫོང་སྲིད་གཞུང་གི་ར་སྐོར་ནང་རྔམ་བརྗིད་ལྡན་པའི་ངང“རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ”དང་ཏང་ཡོན་གསར་པ་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཡོད།

ཐེངས་འདིའི་བྱེད་སྒོ་ཐོག་རྫོང(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པའི་ལས་བྱེད་ལས་བཟོ་པ་དང་། ལས་འཁྱུར་ལས་བྱེད་རྒན་གྲས། གཞོན་ནུ་ལོ་ཆུང་གི་སློབ་མ། མཛོ་སྒང་སྡོད་པའི་དམག་དཔུང་དཔོན་དམག སྒེར་གཉེར་ཚོང་དུད། ཞིང་འབྲོག་པ་མང་ཚོགས་བཅས་ཀྱི་འཐུས་མི300ལྷག་ཞུགས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)