འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཡིན་ཞིང་། ཉིན་དེའི་སྔ་དྲོར། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྣེ་ཁྲིད་དེ་འབྲེལ་ཡོད་ཚན་པ10ལྷག་སྒྲིག་འཛུགས་བྱས་ཏེ་ཇ་རྟ་ཐང་ཆེན་དུ་ཆབ་མདོ་གྲོང་ཁྱེར་གྱི2025ལོའི་རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཧྲུའུ་ཅི་ཤའེ་ཝུན་ཀོང་བྱེད་སྒོ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ་ཡོད།
གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་པ་དང་དུག་འགོག་དང་བླངས་པ་ཁྱོན་300ལྷག་བྱེད་སྒོ་ནང་ཞུགས་ཡོད།
ཐེངས་འདིའི་བྱེད་སྒོ་ནང་འགྲེམས་པང20ལྷག་དང་། འཕྲེད་འགེལ་སྦྱར་ཡིག20ལྷག་བཀལ་ནས་དུག་འགོག་དྲིལ་བསྒྲགས་ཀྱི་དཔེ་དེབ་དང་དྲིལ་བསྒྲགས་དངོས་པོ་2500ལྷག་སྤྲད་དེ་མང་ཚོགས་2000ཡས་མས་ལ་སློབ་གསོ་ཐེབས་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)