འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས30ཉིན། ཆབ་མདོ་གྲོང་ཁྱེར་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཚོགས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཡིས་སློབ་ཚན་ཁྲིད་པ་རེད།
དངོས་གྲུབ་ཟླ་བས“ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་དྲིལ་བསྒྲགས་ཀྱི་དམག་ཧྲག་ལྟ་བུ་ཞིག་བྱས་ནས། སྤྱོད་ཚུལ་བཟང་པོར་བརྟེན་ནས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་པ་བརྗོད་གཞིར་བྱས་ཏེ་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ནང་དོན་ལ་དབྱེ་ཞིབ་གཏིང་ཟབ་དང་སྤྱོད་ཚུལ་འཛུགས་སྐྱོང་དེ་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་གལ་ཆེའི་རང་བཞིན་ཞིག་ཡིན་ཞེས་ནན་བཤད་གནང་ཡོད།
གྲོང་ཁྱེར་ཐད་གཏོགས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་དང་། དེ་བཞིན་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཚོགས་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སློབ་ཚན་ལ་ཉན་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)