འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གོ་འཇོ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ལས་སློབ་མ་དང་ཁྱིམ་བདག་གིས་གཏམ་རྒྱུད་བཤད་པའི་འགྲན་སྡུར་གྱི་རྫོང་རིམ་པའི་བསྐྱར་འགྲན་བྱས་པ་རེད། བྱེད་སྒོ་ཐོག་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྱིམ་ཚང20གར་སྟེགས་གཅིག་གི་ཐོག་བུད་དེ་འགྲན་སྡུར་བྱས་ལ། དགེ་སློབ་དང་ཁྱིམ་བདག200ལྷག་གིས་ས་གནས་ས་ཐོག་ཏུ་ལྟད་མོ་བལྟས་ཡོད།
འགྲན་ཞུགས་ཁྱིམ་ཚང་གིས་ཁ་བརྡ་གླེང་མོལ་དང་འཁྲབ་སྟོན་སོགས་ཀྱི་ལམ་ནས《དཔའ་བོ་ཆུང་ཆུང་ཡུས་ལེ》《སྐམ་ཐོག་གྲོང་རྡལ་གྱི་གཏམ་རྒྱུད》《དུས་གསར་གྱི་ཡབ་ཆེན》སོགས་གསར་བརྗེའི་གཏམ་རྒྱུད་བཤད་ཡོད།
དཔྱད་འདེམས་ཚོགས་ཆུང་གིས་བརྗོད་གཞིའི་ནང་དོན་དང་། སྐད་ཆའི་མཚོན་སྟངས། གར་སྟེགས་གསར་གཏོད་སོགས་ལ་དམིགས་ཏེ་དཔྱད་འདེམས་བྱས་པ་དང་། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། སློབ་ཆུང་ཚོགས་ཆུང་གི་བྱང་ཆུབ་སྒྲོལ་མའི་ཁྱིམ་ཚང་དང་། སློབ་འབྲིང་ཚོགས་ཆུང་གི་བསྟན་འཛིན་རྡོ་རྗེའི་ཁྱིམ་ཚང་བཅས་ལ་སོ་སོར་ཨང་དང་པོ་ཐོབ་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)